ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བངྒ་ལར་འབྱོར་བའི་རོ་ཧིན་ཇཱ་སྐྱབས་བཅོལ་བའི་སྡོད་སྒར་ལ་མེ་སྐྱོན།


༄༅།། ལོ་གསུམ་གྱི་ཡར་སྔོན་དུ་འབར་མ་ནས་བངྒ་ལར་བྲོས་བྱོལ་དུ་བསླེབས་པའི་རོ་ཧིན་ཇཱ་ཁ་ཆེ་སྐྱབས་བཅོལ་བ་ཁྲི་ཚོ་ཁ་ཤས་གནས་འཁོད་བྱ་ཡུལ་སྡོད་སྒར་ཞིག་ལ་མདང་དགོང་མཚན་མོར་མེ་སྐྱོན་ཚབས་ཆེན་ཞིག་བྱུང་ཡོད་ཅིང་། ད་ལྟའི་བར་དུ་ཤེས་རྟོགས་བྱུང་བར་གཞིགས་ན་མི་༡༥་ལ་འཆི་སྐྱོན་དང་མི་༤༠༠་ཡས་མས་ཤིག་གར་སོང་ཆ་མེད་དུ་གྱུར་ཏེ་རྙེད་མེད་མོད། འོན་ཀྱང་གཟའ་མིག་དམར་ཉིན་བངྒ་ལའི་གཞུང་འབྲེལ་མི་སྣ་ཚོས་མུ་མཐུད་དེ་མེ་སྐྱོན་ཁྲོད་དུ་མི་འཚོལ་ཞིབ་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG