ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷེང་ལ་དེཤ་ཡི་གྱོན་གོས་བཟོ་གྲྭའི་གནས་སྟངས་བཟང་དུ་གཏོང་ཐབས་གནང་གི་ཡོད་པ།


རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་དང་བྷེང་ལ་དེཤ་གཞུང་གིས། གྱོན་གོས་ བཟོ་མཁན་གྱི་ལས་མི་ས་ཡ་བཞི་ལ་ཉེ་བ་ཡོད་པ་རྣམས་ཀྱི་ལས་ཀ་བྱ་ཡུལ་གྱི་ གནས་སྟངས་བཟང་དུ་གཏོང་ཐབས་ཀྱི་ལས་འཆར་ཞིག་འགོ་འཛུགས་གནང་ ཡོད་པ་དང་། ད་རེས་ཀྱི་ལས་འཆར་འདི་ནི། ཡུལ་དེའི་གྱོན་གོས་ཀྱི་བཟོ་གྲྭ་ ཞིག་ལ་མེ་སྐྱོན་བྱུང་སྟེ། མི་གྲངས་ཆིག་སྟོང་བརྒྱ་ལྷག་ལ་སྲོག་སྐྱོན་བྱུང་བའི་ རྐྱེན་ངན་གོད་ཆགས་ཚབས་ཆེ་ཤོས་ཤིག་བྱུང་པའི་རྗེས། གྱོན་གོས་ཀྱི་བཟོ་གྲྭ་ དེ་དག་ནང་གི་ལས་ཀ་བྱ་ཡུལ་གྱི་གནས་སྟངས་ཧ་ཅང་གི་ཉེན་ཚབས་ཆེན་པོ་ ཡོད་པ་གསལ་པོ་ཆགས་ཏེ་ཟླ་བ་དྲུག་གི་མཇུག་ཏུ་འགོ་འཛུགས་བྱས་པ་ཞིག་ ཡིན་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཏང་པའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་ མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG