ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷ་རན་གྱི་ངོ་རྒོལ་བ་ཚོས་ཁྲག་དྲི་བྲོ་བའི་འཁྲུག་འཛིངས་བྱེད་སའི་ས་ཁུལ་དུ་ངོ་རྒོལ་གྱི་འདུ་འཛོམས་བྱས་པ།


བྷ་རན་གྱི་ངོ་རྒོལ་བ་ཚོས་ཁྲག་དྲི་བྲོ་བའི་འཁྲུག་འཛིངས་བྱེད་སའི་ས་ཁུལ་དུ་ངོ་རྒོལ་གྱི་འདུ་འཛོམས་བྱས་པ།
བྷ་རན་གྱི་ངོ་རྒོལ་བ་ཚོས་ཁྲག་དྲི་བྲོ་བའི་འཁྲུག་འཛིངས་བྱེད་སའི་ས་ཁུལ་དུ་ངོ་རྒོལ་གྱི་འདུ་འཛོམས་བྱས་པ།

འདས་པའི་གཟའ་འཁོར་ནང་བདེ་འཇགས་སྲུང་སྐྱོབ་དང་དྲག་ཟིང་ཆེ་བའི་འཁྲུགས་འཛིངས་བྱུང་སྟེ་མི་མང་པོ་ཞིག་འདས་གྲོང་སུ་འགྱུར་སའི་བྷ་རན་གྱི་རྒྱལ་ས་མཱ་ན་མའི་ནང་ཡོད་ས་གནས་དེར་ གཞུང་ལ་རྔམ་སྟོན་ཁྲོམ་སྐོར་བ་ཚོས་ མཚོན་རྟགས་ཀྱི་ཟུར་བཅད་ས་ཆ་ཞིག་སྒྲེང་འཛུགས་བྱས་ཡོད་པ་དང་ ཁ་ཉིན་རེ་གཟའ་ཕུར་བུའི་ཉིན་ཡུལ་གྱི་དམག་མིས་མུ་ཏིག་ཞེས་མིང་རྟག་པའི་ལམ་བཞི་མདོ་དེའི་ཐོག་སྟངས་འཛིན་བྱས་ཡོད་ནའང་གྷལཕ་རྒྱལ་ཁབ་ནང་དངངས་འཚབ་ཀྱི་གནས་ཚུལ་ཇེ་ཆེར་འགྲོ་བ་དང་གནད་དོན་ཐོག་ཕྱིའི་རྒྱལ་ཁབ་ཁག་གིསསྐྱོན་བརྗོད་ཇེ་ཤུགས་ཆེ་རུ་འགྲོ་བའི་སྐབས་ས་གནས་ནས་དམག་མི་ཕྱིར་འཐེན་བྱས་ཡོད་པ་སོགས་རྒྱལ་ས་མཱ་ན་མ་ནས་གསར་འགོད་པ་ཕི་ལིབ་ ཝལ་ཀྲར་ ཝེལ་མེན་གྱིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG