མགོ་ལོག་ནས་འབྲོག་པ་ཁྱིམ་ཚང་༢༠༠ལྷག་གི་ཁང་པ་གཏོར་ཏེ་སྡོད་ས་མེད་པར་གྱུར་བ།
རྒྱ་གཞུང་གིས་ཕྱི་ལོ་༢༠༡༡ལོར་མགོ་ལོག་རྨ་སྟོད་རྫོང་ཁོངས་ཀྱི་འབྲོག་པ་གྲོང་བརྡལ་ཅན་དུ་གྱུར་ཆེད་མགོ་ལོག་རྨ་སྟོད་རྫོང་གི་ཤར་ཕྱོགས་སར་ཡོད་པའི་གྲོང་གསར་ཁྱིམ་ཚང་༢༠༠ལྷག་གི་ཁང་པ་གཏོར་ཏེ་ཕྱིར་འབུད་བཏང་ནས་ད་ཆ་འགྲོ་ས་སྡོད་ས་མེད་པར་གྱུར་འདུག་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།