ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

དགེ་འདུན་པ་དཀོན་མཆོག་གྲགས་པ་གསལ་བཤད་ཅི་ཡང་མེད་པར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག


བོད་ནང་རྒྱ་གཞུང་གི་ཆ་བགོས་བྱས་བའི་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་ཡོངས་གྲགས་སུ་བཀྲ་ཤིས་དགོན་པའི་བོད་རིགས་དགེ་འདུན་པ་དཀོན་མཆོག་གྲགས་པ་ཟེར་བ་ཞིག་རྒྱ་གཞུང་གི་དོན་མེད་འཛིན་བཟུང་བྱས་ནས་ཉིན་གྲངས་བཅུ་ཡས་མས་ཞིག་འགོར་ཡོད་པའི་སྐོར་སོགས་ལ་མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་ཐེ་བོ་ནས་ཡིན་པའི་གཡིས་པ་ཞང་བཀྲ་ཤིས་དགོན་པའི་དགེ་འདུན་པ་མིང་ལ་དཀོན་མཆོག་གྲགས་པ་ལགས་རྒྱ་ནག་གཞུང་གི་ཉེན་རྟོག་པའི་དོན་མེད་ལ་གསལ་བཤད་ཅི་ཡང་མེད་པའི་སྒོ་ནས་འདས་བའི་ཉིན་གྲངས་བཅུ་ཡས་ཞིག་གི་སྔོན་ལ་དགོན་པ་ནས་འཛིན་བཟུང་བྱས་དེ་ད་ལྟ་གར་ཡོད་ཅི་བྱུང་གི་སྐོར་ནས་གནས་ཚུལ་ཅི་ཡང་གོ་ཐོས་མེད་པར་གྱུར་འདུག།སྦྱིར་ན་གྲ་དཀོན་མཆོག་གྲགས་པ་ལགས་ནི་ནམ་རྒྱུན་དགེ་འདུན་པ་ཉམས་ཆུང་ཚུལ་མཐུན་ཞིག་ཡིན་པ་ལས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་ཀ་བྱེད་མཁན་ཞིག་མིན་པ་ས་གནས་སེར་སྐྱ་མང་ཚོགས་ཚང་མའི་ཤེས་གསལ་ཡིན་པ་རེད་།དེ་སྔ་ཞིག་ལ་ཁོང་གིས་བལ་ཡུལ་ནས་ཁྲི་གདན་དང་ཟླ་གམ་མཆོད་ཆས་འདྲ་ཐེངས་ཤིག་ཉོས་མྱོང་ཡོད་པ་རེད། ད་ནི་རྒྱ་ནག་གི་དེ་ཁྲིམས་འགལ་དུ་བརྩི་རྒྱུ་ནི་མིན་ན་དེ་མིན་ཁོང་ལ་ཁྲིམས་འགལ་ནག་ཉེས་ཅི་ཡང་ཡོད་པ་རེད།

ནམ་རྒྱུན་ཁོང་དགོན་པར་འཚམས་བསྙེན་སྒྲུབ་བྱས་ནས་འདུག་མཁན་ཞིག་ཡིན་པ་རེད། ཁོང་འཛིན་བཟུང་བྱས་བའི་རྗེས་སུ་ཁོང་གིས་ནང་མི་ཉེ་འབྲེལ་ཚོ་ཉེན་རྟོག་ཁང་དུ་ཐུགས་འཕྲད་ཆེད་སོང་བའི་སྐབས་སུ་འཐུག་འཕྲད་བྱེད་དུ་བཞག་མི་འདུག།དེར་བརྟེན་ཁོང་གིས་ནང་མི་ཉེ་འབྲེལ་ཚང་མིའི་རྒྱ་ནག་གི་བཙན་གྱིས་ནག་ཉེས་ཉེས་འཛུགས་བྱེད་སྲིད་པའི་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག རྒྱུ་མཚན་དེ་སྔ་ཉིས་སྟོང་བརྒྱད་ཡས་མས་ལ་ས་གནས་བོད་མི་སྐྱ་སེར་ཁ་ཤས་དོན་མེད་འཛིན་བཟུང་གིས་མི་ལོ་ཁ་ཤས་ཀྱི་ཁྲིམས་ཐག་བཅད་ནས་བཙོན་ལ་བཅུག་པའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད་ལ་ང་ཚོ་ས་གནས་འདི་ནི་ལུང་པ་ཁུགས་གྱོག་ཡིན་པས་སྟབས་ཀྱིས་བོད་ཕྱི་ལོག་གི་གསར་འགྱུར་ནང་གནས་ཚུལ་བརྒྱུད་སྒྲོག་བྱས་ཐུབ་མེད་པ་རེད་སྦྱིར་ན་ཉིན་ཤས་གོང་རྒྱ་ནག་གི་དབོན་རིགས་ལེ་ཁུ་ཆང་ཟེར་བ་དེ་ཤི་བའི་རྗེས་ནས་བཟུང་ཐེ་བོ་རྫོང་དུ་དམ་དྲག་ཆེན་པོ་བྱེད་འགོ་ཚུགས་སོང་།

ས་གནས་མང་ཚོགས་རྣམས་འདུ་འཛོམས་རང་བཞིན་བྱས་མི་ཆོག་པ་དང་།དྲ་ལམ་ནས་དེའི་སྐོར་གྱི་གནས་ཚུལ་བརྒྱུད་སྐུར་བྱས་མི་ཆོག་པ།ཐ་ན་མང་ཚོགས་འགྲོ་འདུག་སྐབས་སུ་རྫོང་དང་ཡུལ་མཚོ་སོགས་སུ་ཟ་ཁང་དང་ཚོང་ཁང་བཅས་ལ་རྒྱ་གཞུང་གི་དམག་མི་དམག་ཆས་གྱོན་ཡོད་མེད་གཉིས་ཀ་འགྲེམས་འཇོག་བྱས་ནས་ལྟ་རྟོག་ནན་མོ་བྱེད་བཞིན་འདུག།ས་གནས་སྡེ་བ་རེ་རེ་ནང་ཉིན་ལྟར་ཚོགས་འདུ་བསྡུས་ནས་རྒྱ་ནག་གི་ཁྲིམས་བརྒྱུད་སྒྲོགས་བྱེད་བཞིན་འདུག།དམིག་གསལ་བོད་ཕྱི་ལོགས་སུ་ཡོད་མཁན་དང་འབྲེལ་བ་གཏན་ནས་བྱས་མི་ཆོག་པ་མ་ཟད་གལ་སྲིད་རྒྱལ་ཁབ་ཀྱི་ཤེས་རྟོག་བྱུང་བ་ཡིན་ན་ཁྲིམས་འགལ་ནག་ཉེས་ཆེན་པོ་ཡོད་ལུགས་སྒྲགས་བཞིན་འདུག དེར་བརྟེན་བོད་ཕྱི་ལོགས་སུ་འབྲེལ་བ་བྱེད་པའི་སྐབས་སུ་བརྒྱུད་ལམ་མང་པོ་ཞིག་གི་ཐབས་ལམ་འཚོལ་དགོས་ཀྱིན་འདུག་པས་ང་ཚོར་ཧ་ཅང་དཀའ་ངལ་ཆེན་པོ་རེད་འདུག་ཅེས་སོགས་བརྗོད་སོང་།

XS
SM
MD
LG