ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་རྒྱ་མཚོའི་མཚོ་ཐོག་ལ་དངོས་པོ་ཆེན་པོ་གཉིས་ཧེང་བཞིན་པ།


ཨོས་ཌེར་ལི་ཡའི་འཚོལ་ཞིབ་པ་ཚོས་རྒྱ་གར་རྒྱ་མཚོའི་ཁུལ་ནས་ཉིན་བཅུ་གཉིས་གོང་དུ་གང་སོང་མེད་པར་འགྱུར་བའི་མ་ལཱ་ཤི་ཡའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་ཡིན་སྲིད་པའི་དངོས་པོ་ཆེན་པོ་གཉིས་མཚོ་ཐོག་ཏུ་ལྡིང་པའི་པར་ཞིག་བཅོས་མའི་རྒྱུ་སྐར་བརྒྱུད་འཐོན་ཡོད་པས་འཚོལ་ཞིབ་ཀྱི་གྲུ་གཟེངས་དང་གནམ་གྲུ་སོགས་འདི་ཁུལ་དུ་བསྐྱོད་ནས་ངོ་ཐག་ཆོད་ཐབས་བྱེད་བཞིན་ཡོད་པ་དང་ དེ་ནི་འགྲུལ་པ་༢༣༩ཡོད་པའི་གནམ་གྲུ་འཚོལ་ཞིབ་ཐད་གནས་ཚུལ་གསར་ཤོས་དེ་ཡིན་པ་སོགས་ཀྱི་སྐོར་གསར་འགྱུར་ཁག་ནང་གནས་ཚུལ་འཐོན་པ་རྣམས་པ་སངས་དབྱངས་སྐྱིད་ལགས་ནས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱ་ཡིན།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG