ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་འཛིན་ཨ་སཏ་ཡིས་ཧྥ་རན་སིར་ཉེན་བརྡ།


 སྲིད་འཛིན་ཨ་སཏ་ཡིས་ཧྥ་རན་སིར་ཉེན་བརྡ།
སྲིད་འཛིན་ཨ་སཏ་ཡིས་ཧྥ་རན་སིར་ཉེན་བརྡ།
༄༅།། སི་རི་ཡའི་གཞུང་དམག་གིས་མི་མང་གྱེན་ལོག་པ་ཚོར་རྫས་འགྱུར་ཀྱིི་མཚོན་ཆས་གཏོར་རྒོལ་བྱས་པར་ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ཀྱིས་སི་རི་ཡར་དམག་བརྒྱབ་སྟེ། རྒོལ་ལན་སློག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་། སི་རི་ཡའི་སྲིད་འཛིན་ཨ་སཏ་ཡིས་ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ཀྱིས་སི་རི་ཡར་ཚུར་རྒོལ་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སི་རི་ཡའི་ནང་འཁྲུག་ལ་ཐེ་གཏོགས་བྱེད་ཚེ། སི་རི་ཡའི་ནང་འཁྲུག་འདི་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་རྒྱུ་དང་། ང་ཚོས་ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དགྲ་ལན་ནན་པོ་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་ཅིང་། དེ་ཡང་ཕྱི་ཟླ་༩་ཚེས་༢་ཉིན་ཧྥ་རན་སིའི་ལི་ཧྥི་གྷ་རོ་ཚགས་པར་གྱི་གསར་འགོད་པས་སི་རི་ཡའི་སྲིད་འཛིན་ཨ་སཏ་ལ་བཅར་འདྲི་ཞུས་པ་ལྟར་ན། སྲིད་འཛིན་ཨ་སཏ་ཡིས་ཧྥ་རན་སི་གཞུང་གིས་སི་རི་ཡའི་མི་དམངས་རྣམས་དགྲ་རུ་འཛིན་པའི་སྲིད་ཇུས་ཤིག་ལག་ལེན་མི་བསྟར་པའི་རེ་བ་ཡོད། གལ་སྲིད་ཧྥ་རན་སི་གཞུང་གིས་སི་རི་ཡ་དགྲ་རུ་འཛིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ན་ཧྥ་རན་སི་ང་ཚོའི་དགྲ་རུ་འགྱུར་རྒྱུ་དང་། ང་ཚོས་ཧྥ་རན་སི་དང་ཧྥ་རན་སིའི་ཁེ་ཕན་བཅས་ལ་གནོད་པའི་དགྲ་ལན་ནན་པོ་སློག་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG