ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་ནག་ལ་ཕེབས་འཆར།


ཨ་རིའི་སྲིད་འཛིན་གཞོན་པ་འཇོ་བྷ་ཌན་གཟའ་ཉི་མ་འདིར་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་དང་། ཐོག་མའི་འཆར་གཞི་ལ་སྲིད་འཛིན་གཞོན་པ་འཇོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་དེ་མིན་གྱི་འབྲེལ་བ་ཁག་ཡར་རྒྱས་གཏོང་ཕྱོགས་སུ་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་ལ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ས་ཐིག་གསར་པ་ཞིག་འཐེན་ཡོད་པས། ཐེངས་འདིར་ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་གི་འགོ་ཁྲིད་ཚོར་གནད་དོན་དེའི་ཐོག་ཏུ་བཀའ་མོལ་ལྷུག་པོ་གནང་རྒྱུ་དང་། ཁོང་རྒྱ་ནག་གི་འཚམས་འདྲིའི་ཞོར་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལའང་ཕེབས་འཆར་ཡོད་པའི་སྐོར། འདི་གའི་གསར་འགོད་པ་འབིལ་གྱིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG