ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ ཨ་ཤི་ཏོན་ཁ་ཊར་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རཀ་ལ་ཆེད་ཕེབས་གནང་སྟེ། ཁོང་དང་ཨི་རཀ་གི་འགོ་ཁྲིད་ཚོས་ཨི་རཀ་གི་དམག་གིས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་པར་ཨ་མི་རི་ཀའི་དམག་གིས་ཨི་རཀ་ལ་མཐུན་འགྱུར་རོགས་འདེགས་ཇི་ལྟར་བྱ་དགོས་མིན་དང་། ཨི་རཀ་གི་དམག་གིས་ཁ་ཆེ་རྒྱལ་ཁམས་ཀྱི་མཐའ་ལྷུང་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་ཕྱོགས་བཅས་ལ་གྲོས་མོལ་བྱས་ཡོད་པ་རེད།།

XS
SM
MD
LG