ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཉེན་བརྡ།


རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཆེན་པོ་ཡོད་ཀྱང་། ད་བར་མཐུན་ཚོགས་དེས་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་བཟུང་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་མེད་ཅིང་། ད་ལོ་ཝིཏ་ནམ་དང་ཧྥི་ལི་ཕིན་གྱིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་འཛིན་དགོས་པ་དང་། ཁོ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཆེད་དུ་རྒྱ་ནག་ལ་ཐུན་མོང་གིས་ཁ་གཏད་གཅོག་དགོས་ཞེས་ལས་འགུལ་སྤེལ་འདུག དེར་བརྟེན་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་འབར་མས་རང་གི་མཐུན་ཚོགས་དེས་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་བཟུང་ནས་རྒྱ་ནག་ལ་འཐབ་རྒོལ་བྱ་འཛིན་དགོས་ཞེས་སྤྱི་བསྒྲགས་སྤེལ་ཏེ། རྒྱ་ནག་གཞུང་གིས་ཝིཏ་ནམ་གྱིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་རྒྱབ་རྩར་འཐེན་གྱི་ཡོད་པ་དེར་གྲུབ་འབྲས་ཐོན་མི་སྲིད་ཅེས་ཁྱད་གསོད་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG