ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

རྒྱ་ནག་ནང་ཝེ་ལྦོའུ་དྲ་རྒྱའི་ཐོག་ཟིན་བྲིས་འགོད་མཁན་ས་ཡ་༣༠༠ལྷག་ཡོད་པ།


རྒྱ་ནག་གི་ནང་དུ་ཝེ་ལྦོའུ་དྲ་རྒྱའི་ཐོག་ཟིན་བྲིས་འགོད་མཁན་ས་ཡ་༣༠༠ལྷག་ཟིན་ཡོད་པ་རེད་ རྒྱ་ནག་གི་ཕྱི་ནང་གསར་འགྱུར་ཁག་ལ་བརྟེན་ནས་དྲ་རྒྱའི་འབྲེལ་ལམ་འཁྲུག་པོ་ཆགས་པ་དེས་སྤྱི་འབངས་ཀྱི་མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་ཕྱིན་ནས་སྤྱི་འབངས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དང་ འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ ཡིན་ནའང་རྒྱ་ནག་གཞུང་ནས་དྲ་རྒྱའི་ཐོག་ཚོད་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད་པར་བརྟེན་དྲ་རྒྱ་བེད་སྤྱོད་པ་མང་བའི་གྲངས་འབོར་དེ་ཚོར་དགའ་སྤོབས་སྐྱེ་དགོས་པ་ཞིག་ཡིན་མིན་ཐད་ལ་འདི་གའི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་གནས་ཚུལ་སྤེལ་བ་ཞིག་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG