ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་དང་བལ་ཡུལ་བར་གྱི་བོད།


རྒྱ་ནག་དང་བལ་ཡུལ་གཉིས་བོད་རྒྱུད་ཚོང་འབྲེལ་མཐུན་སྦྱོར་ཞེས་པའི་ཚོགས་འདུ་འཚོག་ཐེངས་གཉིས་པ་དེ་ད་ལྟ་བལ་ཡུལ་ནང་འཚོག་གི་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ནས་གཙོ་བོ་ཚོང་ལས་འབྲེལ་ལམ་བསྐྱར་ཞིབ་དང་། ལྷག་པར་དུ་བལ་ཡུལ་ནང་གི་ཚོང་ཟོག་ཐོན་རྫས་ཀྱི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུའི་ཐད་གྲོས་མོལ་བྱ་རྒྱུ་ཡིན་པ་རེད། ཡང་བལ་ཡུལ་དང་རྒྱ་ནག་གཉིས་ཚོང་ལས་དཔལ་འབྱོར་གྱི་འབྲེལ་བ་ཡར་རྒྱས་སོང་བ་དང་མཉམ་དུ། བོད་མི་རྣམས་ལ་དཀའ་ངལ་དང་ཤུགས་རྐྱེན་ཅི་ཞིག་འཕྲད་ཀྱིན་ཡོད་པ་སོགས་པའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG