ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དཀར་མཛེས་ཁུལ་དུ་རྒྱ་གཞུང་གི་ཉེན་རྟོག་པས་བོད་མིར་ཉེས་བརྡུང་བཏང་བ།


བོད་ས་ཁམས་དཀར་མཛེས་རྫོང་གི་ནང་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ས་གནས་བོད་མིའི་བདེ་དོན་ལ་སྨན་པའི་ལས་ཀ་བྱེད་མཁན་ བོད་མིའི་ཚོགས་པ་ཞིག་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བར་བརྟེན་ དེ་ལ་བོད་མིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་སྟེ་ངོ་རྒོལ་བྱས་པ་དང་ ངོ་རྒོལ་བྱེད་མཁན་བོད་མི་རྣམས་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་ ཉེས་བརྡུང་ཚད་མེད་བཏང་སྟེ་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བྱུང་བ་མ་ཟད་ གསུམ་བརྒྱ་མིན་ཙམ་ཞིག་འཛིན་བཟུང་བྱས་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG