ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

རྒྱ་ནག་གིས་དབྱེ་བ་གསལ་པོ་མེད་པའི་ས་མཚམས་ནས་ཐེ་ཝན་གྱི་བདག་དབང་ལ་གནོད་སྐྱེལ་ཐབས་བྱེད་བཞིན་པ།


ཉེ་བའི་བདུན་ཕྲག་འགའ་ཤས་ཀྱི་རིང་ལ། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་ད་ཡོད་གནས་སྟངས་ལ་འགྱུར་བ་གཏོང་བའི་ནུས་སྟོབས་ཤུགས་ཆེ་རུ་བཏང་སྟེ། ཐེ་ཝན་མཚོ་འགག་གི་དཀྱིལ་ཐིག་ཉེ་འཁྲིས་ཀྱི་དམག་གྲུའི་འཕུར་ལམ་ལ་འགྱུར་བ་བཏང་ཡོད་པར་མ་ཟད། ཐེ་ཝན་ཅིང་མན་གླིང་ཕྲན་ཉེ་འཁོར་གྱི་རྒྱ་མཚོའི་མངའ་ཁུལ་ནང་འཆར་ཅན་སྐོར་གཡེང་གི་ལན་གྲངས་ཇེ་མང་དུ་གཏང་རྒྱུའི་འཆར་གཞི་ཞིག་ཁྱབ་བསྒྲགས་ཀྱིས་དམངས་གཙོ་ཡར་ཐོན་ཚོགས་པའི་གཞུང་འཛིན་ལ་གནོན་ཤུགས་སྤྲད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།

གནད་དོན་དབྱེ་ཞིབ་པས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནག་གིས་རིམ་པ་བསྟར་ཆགས་སུ་སྤེལ་བའི་བྱེད་བབ་དེ་དག་ནི། རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཝན་གྱི་ཕྱོགས་ནས་ཅིང་མན་གླིང་ཕྲན་དང་མཱ་ཙུའུ་གླིང་ཕྲན་སོགས་གླིང་ཕྲན་ཁག་གི་ཉེ་འཁོར་གྱི་རྒྱ་མཚོའི་མངའ་ཁུལ་ལ་སྟངས་འཛིན་གྱི་ནུས་པ་ཉམས་ཆག་གཏོང་ཐབས་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་ཞིང་། གཅིག་ནས་གླིང་ཕྲན་དེ་དག་རྒྱ་ནག་སྐམ་ས་ཆེན་པོ་དང་རྒྱང་ཁྱད་སྤྱི་ལེ་འགའ་ཤས་ལས་མེད་པ་དང་། གཉིས་ནས་གསར་ཏུ་ཐེ་ཝན་གྱི་སྲིད་ཀྱི་སྡིངས་ཆར་སླེབས་ལ་ཉེ་བའི་དམངས་གཙོ་ཡར་ཐོན་ཚོགས་པའི་གཞུང་གསར་པར་གནོན་ཤུགས་སྤྲོད་ཐབས་ཤིག་ཡིན་པ་རེད།

སེངྒ་ཕོར་རྒྱལ་གཉེར་གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་རིག་པའི་མཁས་དབང་ཨན་ཆུང་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་དུ། རྒྱ་ནག་གིས་གཉེར་བའི་བྱེད་སྟངས་དེ་ཚོས་ཐེ་ཝན་གྱིས་གླིང་ཕྲན་དེ་ཚོའི་ཉེ་འཁྲིས་ཀྱི་རྒྱ་མཚོའི་མངའ་ཁུལ་དང་ཐེ་ཝན་མཚོ་འགག་གི་དཀྱིལ་ཐིག་ནུབ་རྒྱུད་ཐེ་བའི་ས་ཁུལ་གྱི་དོ་དམ་གྱི་ནུས་པ་གཅོག་ཕྱིར་རེད། ད་ལྟའི་རྒྱ་གཞུང་གི་བྱེད་སྟངས་དེ་ནི་སྔོན་གྱི་བྱེད་སྟངས་དང་རྦད་དེ་མི་འདྲ་བར་ཡོངས་སུ་རྒྱབ་འགལ་ལྟ་བུ་ཆགས་ཡོད་ཅིང་། སྔོན་ལྟར་ན་མཚོ་འགག་ཕྱོགས་གཉིས་བར་གྱི་ཉམས་ཉེན་གཉིས་པའི་སྐབས་ནས་བཟུང་། རྒྱ་ནག་གཞུང་གིས་ཅིང་མན་དང་མཱ་ཙུའུ་ཞེས་པའི་གླིང་ཕྲན་དེ་གཉིས་ལ་སྟངས་འཛིན་བྱེད་པའི་ཐབས་ཤེས་བྱས་མྱོང་མེད་ཅིང་། སྐབས་དེ་ཤས་ཙམ་ལ་ཐེ་ཝན་མཚོ་འགག་ཕྱོགས་ཀྱི་འགོ་ཁྲིད་ཚོས་གླིང་ཕྲན་དེ་དག་ནི་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་དབར་གྱི་ཟམ་པ་ནང་བཞིན་ཞིག་ཏུ་མཐོང་གི་ཡོད་པ་རེད།

དེ་བཞིན་གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་གློ་བུར་ཐོག་རྒྱག་ལ་དམག་གི་གནམ་གྲུའི་འཕུར་ལམ་ལ་འགྱུར་བ་བཏང་བ་དེ་ནི། ཐེ་ཝན་མཚོ་འགག་དེ་ནང་སྲིད་ཁྱབ་ཁོངས་སུ་གཏོགས་པའི་འཕུར་ལམ་གྲས་ཤིག་ཏུ་སྒྱུར་ཐབས་བྱས་པ་ཙམ་མ་ཟད། ཐེ་ཝན་གྱི་བདག་དབང་ལ་ཉམས་ཆག་ཏུ་གཏོང་ཐབས་ཤིག་ཀྱང་ཡིན་པ་རེད། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་འགག་གྱི་དཀྱིལ་ཐིག་གི་ཐག་ཉེ་སར་བཅར་ནས་འཕུར་ལམ་འགྱུར་བ་གཏོང་བའི་བྱེད་བབ་དེ་བཞིན་ཐེ་ཝན་གྱི་ཁུལ་དེར་ཡོད་པའི་བདག་དབང་ལ་དོ་ཕོག་གཏང་འདོད་ཀྱི་རེ་ངན་བཅངས་པ་ཞིག་ཀྱང་ཡིན་པ་རེད།

པེ་ཅིང་གཞུང་གིས་ཉེ་ལམ་མངོན་གསལ་དོད་པོ་མེད་པའི་ས་མཚམས་ཁྱབ་ཁོངས་ཤིག་གི་ནང་ནས་མག་མོག་གི་བྱེད་ཐབས་ཀྱི་ཐོག་ནས་ས་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་བཏང་བར་མ་ཟད། རྒྱལ་ཁབ་གཞན་ཁག་གི་རྒྱ་ནག་གི་བཙན་འཛུལ་གྱི་སྤྱོད་ཚུལ་དེར་དོགས་གཟབ་ལྷག་པར་སྐྱེས་བཅུག་ཡོད་པ་དང་། རྒྱ་ནག་གིས་མངོན་གསལ་དོད་པོ་དེ་ཙམ་མེད་པའི་ས་གནས་ཤིག་ནས་ཡོངས་གྲགས་ཀྱི་སྦིར་གྲགས་ཆགས་མི་དགོས་པ་ཞིག་ལ། རྒྱུན་ལྡན་མ་ཡིན་པའི་བྱེད་ཐབས་ཤིག་ལག་ལེན་བསྟར་བཞིན་པ་རེད། རྒྱ་ནག་ཕྱོགས་གཅིག་པོའི་ངོས་ནས་ས་ཁུལ་དེའི་ད་ཡོད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་ཐབས་བྱེད་བཞིན་པ་དེ་ནི་ངེས་གཏན་མེད་པའི་དོན་དག་ཅིག་ཡིན་ཙང་། ས་ཁུལ་དེའི་གནས་སྟངས་ཛ་དྲག་ཆགས་འཇུག་སྲིད་པར་མ་ཟད། ཁུལ་དེར་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཁག་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་རྣམ་པ་ཞིག་ཀྱང་ཆགས་སྲིད་པ་རེད།

ཨ་རིའི་ཧ་དྷེ་སོན་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཡུས་མའོ་ཁྲེན་ལགས།
ཨ་རིའི་ཧ་དྷེ་སོན་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཡུས་མའོ་ཁྲེན་ལགས།

ཨ་རིའི་ཧ་དྷེ་སོན་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཡུས་མའོ་ཁྲེན་ལགས་ཀྱིས་ཉེ་སྔོན་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་སུ། རྒྱ་ནག་དམར་ཤོག་གིས་ཐེ་ཝན་གྱི་མི་ཚོས་དོན་དངོས་ཐོག་གི་རང་དབང་རང་བཙན་གྱི་གནས་བབ་བརྩོན་ལེན་བྱེད་པའི་ཆོད་སེམས་བརྟན་པོ་དེར། དོན་གྱིས་སྟོང་པའི་འཇིགས་སྣང་སྡིགས་སྐུལ་བྱ་རྒྱུ་ཙམ་ལས། བྱེད་ཐབས་གཞན་པ་ཅི་ཡང་མེད་པ་དང་། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་དོན་དངོས་གནས་ཚུལ་ལ་གཞི་བཅོལ་ནས་ཁེ་གྱོང་དང་། གོ་སྐབས། ནུས་པ་བཅས་ལ་བརྟག་དཔྱད་གཏོང་ཚེ་ཐེ་ཝན་ལ་དཔུང་འཇུག་བྱེད་སྲིད་པའི་ཚད་དེ་མཐོན་པོ་མིན་ཡང་། ལྷོད་ཡངས་གཏོང་གཞི་མིན་པར་རྒྱ་ནག་དམར་ཤོག་ལ་དོགས་ཟོན་ནན་མོ་བྱ་དགོས་པ་སྔར་རྒྱུན་ལྟར་ཐེ་ཝན་མཚོ་འགག་དེ་བཞིན་རྒྱ་གཞུང་གི་སྤྱིའི་དམག་འཁྲུག་གི་འགོ་འཛུགས་བྱེད་གནས་ཤིག་ཏུ་ངོས་འཛིན་བྱ་དགོས་པ་རེད། ཅེས་གསུངས་འདུག།

གླེང་སྟེགས།

XS
SM
MD
LG