ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུཊ་བྱ་རྒྱུ་ཕྱིར་འཐེན་དེར་ལྟ་ཚུལ་མི་མཐུན་པ།


༄༅།། དུས་སང་༢༠༢༢་ཀྱི་སྤྱི་ཟླ་༢་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་འཆར་ཡོད་ཅིང་། སྔ་ལོ་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པ་དང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བ། ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་བོད་ཀྱི་ནང་དུ་དམ་དྲག་གི་སྲིད་ཇུས་ཁག་མཚམས་འཇོག་བྱེད་ཀྱི་མེད་པ། ཐེ་ཝན་ལ་དམག་གིས་སྡིགས་ར་སྐུལ་བཞིན་པ་བཅས་ཀྱིས་ལོ་རྗེ་མའི་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་འཛམ་གླིང་རྒྱལ་ཁབ་ཁག་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་རུང་ཨ་མི་རི་ཀའི་མི་དམངས་ཀྱི་གྲས་སུ་པེ་ཅིང་གི་ཨོ་ལིམ་ཕིག་རྩོད་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་ལྟ་ཚུལ་ལ་བསམ་ཚུལ་མི་མཐུན་པ་ཡོང་གི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG