ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ལྷ་མོ་ཚེ་བརྟན་གྱིས་རང་སྲེག་ངོ་རྒོལ།


ལྷ་མོ་ཚེ་བརྟན།
ལྷ་མོ་ཚེ་བརྟན།
བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ལྷ་སྡེའི་གྲས་ཀྱི་ཨ་མཆོག་ཡུལ་ ཚོའི་བོད་པ་རང་ལོ་༢༤་ལ་སོན་པ་ལྷ་མོ་ཚེ་བརྟན།་གྱིས་དེ་རིང་ཨ་མཆོག་ཡུལ་ཚོའི་ གྲོལ་རྡལ་གྱི་སྲང་ལམ་ནང་དུ་རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཆིབས་བསྒྱུར་གནང་དུ་ འཇུག་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་ཞོར་དུ་ཨ་མཆོག་གྲོང་བརྡལ་གྱི་དམག་ཁང་ ཉེན་རྟོག་དང་ཁྲིམས་ཁང་གི་སྒོ་མདུན་དུ་རང་ལུས་མེར་བསྲེགས་འདུག་ཅིང་། སྐབས་དེར་བོད་པ་སེར་སྐྱ་མི་མང་གིས་ལྷ་མོ་ཚེ་བརྟན་མཐའ་བསྐོར་ཏེ་ཉེན་རྟོག་པ་ དང་དམག་རྣམས་མེར་བསྲེགས་གཏོང་སར་ཡོང་དུ་བཅུག་མེད་པ་མ་ཟད། འདས་པོ་དེའི་ཕུང་པོ་ཡང་རང་ཁྱིམ་ལ་འཁྱེར་ཏེ། ཁོང་གི་ཕ་མིང་ལ་གནམ་ཕྱུག་ཚེ་རིང་དང་མ་མིང་ལ་གཟུངས་འདུས་འཚོ་ཟེར་ཤིང་། ཁོང་ཕ་མ་གཉིས་ལ་བུ་གཉིས་དང་བུ་མོ་ཞིག་ཡོད་པ་དང་། ལྷ་མོ་ཚེ་བརྟན་ནི་བུ་གཉིས་པ་ཡིན་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟ་ཨ་མཆོག་ཚོ་བ་བརྒྱད་ཀྱི་མི་མང་དང་ཨ་མཆོག་དགོན་པའི་གྲྭ་དམངས་བཅས་རྟ་དང་རླངས་འཁོར། འཕྲུལ་རྟ་སོགས་བཞོན་ནས་རང་སྲེག་ངོ་རྒོལ་བ་ལྷ་མོ་ཚེ་བརྟན་དམ་པ་དེ་ཉིད་ཁྱིམ་ ལ་སྨོན་ལམ་གསུང་རྒྱུ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་འབྱོར་དང་འབྱོར་བཞིན་ པའི་གནས་ཚུལ་ཐོན་འདུག

ལྷ་མོ་ཚེ་བརྟན་གྱིས་རང་སྲེག་ངོ་རྒོལ།
please wait

No media source currently available

0:00 0:01:21 0:00
XS
SM
MD
LG