ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་འདས་གྲོངས།


༄༅།། དེ་རིང་ཕྱི་ཟླ་༨་པའི་ཚེས་༣་ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་བཞུགས་སྒར་རྡ་རམ་ས་ལར་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཨ་མ་ཨ་བདེ་ནི་༡༩༣༢་ལོར་བོད་ཀྱི་ཁམས་ཕྱོགས་སུ་འཁྲུངས་ཤིང་། ༡༩༥༦་ལོར་དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་གིས་དམངས་གཙོའི་བཅོས་སྒྱུར་བཏང་བའི་སྐབས་སུ་བཙན་རྒོལ་འཐབ་རྩོད་ལ་ཞུགས། ཕྱིས་སུ་རྒྱ་ནག་གཞུང་གིས་ཨ་མ་ཨ་བདེར་བོད་པའི་བུད་མེད་ཀྱི་སྒྲིག་འཛུགས་བཙུགས་པའི་ལན་ཁག་དཀྲིས་ཏེ་ལོ་༢༧་ལ་བཙོན་དུ་བཅུག

རྒྱ་ནག་གཞུང་གིས་བོད་ལ་སྲིད་ཇུས་གུ་ཡངས་ཕྲན་བུ་བཏང་བའི་སྐབས་སུ་བཙོན་བཀྲོལ་ཐོབ། ༡༩༨༧་ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ཨ་རི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་བདེན་པའི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་་བྱས་ཡོད་པར་མ་ཟད། དྲན་པར་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ་ཞེས་རང་གི་ལོ་རྒྱུས་བཀོད་པའི་དེབ་ཅིག་ཀྱང་བྲིས་ནས་སྐད་ཡིག་འགའ་ཞིག་ལ་བསྒྱུར་ཏེ་དཔར་དུ་བསྐྲུན།།

ཨ་མ་ཨ་བདེ་ནི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གསར་འཛུགས་པའི་ཚོགས་མི་དང་༡༩༥༩་ལོར་རྒྱ་གཞུང་གིས་འཛིན་ཟུང་བྱས་པའི་བོད་པ་ཆབ་སྲིད་བཙོན་པ་མཐའ་མ་དེ་རེད་ཅེས་བོད་ཀྱི་དབུས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་པ་ངག་དབང་འོད་འབར་གྱིས་འགྲེལ་བརྗོད་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG