ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྷ་ཌན་གྱི་འཆར་གཞི་ཁག་ལ་ལམ་ལྷོངས་ཡོང་རྒྱུའི་རེ་ལྟོས།


༄༅།། ད་ལོའི་དབྱར་དུས་འདིར་ཨ་མི་རི་ཀར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་པ་དང་ཨ་རིའི་བྱང་ཤར་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་བ། ཨབ་གྷ་ཎི་སི་ཐན་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་པའི་སྐབས་མཚམས་དེར་ཨ་རིའི་དམག་མི་༡༣་ལ་སྲོག་སྐྱོན། ཏ་ལི་བྷན་ཤོག་ཁག་གིས་སླར་ཡང་ཨབ་གྷ་ཎི་སི་ཐན་རྒྱལ་ཡོངས་ལ་དབང་སྒྱུར་བྱས་པ་སོགས་རྐྱེན་ངན་གོད་ཆག་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་གཞུང་གི་ལས་གཞི་ཁག་ལ་འགོག་རྐྱེན་ཕྲད། འོན་ཀྱང་ད་ལྟ་བྷ་ཌན་གྱི་དཔལ་འབྱོར་ཡར་རྒྱས་སོགས་རྒྱལ་ནང་གི་ལས་གཞི་ཁག་ལ་ཤུགས་བརྒྱབ་ནས་ལམ་ལྷོངས་ཡོང་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG