ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྲག་མགོའི་ཆབ་སྲིད་བཙོན་པ་ཞིག་གློད་འགྲོལ།


སྤྱི་ལོ་༢༠༠༨ལོར་བོད་མདོ་ཁམས་བྲག་མགོ་ས་ཆར་བོད་མིའི་ཞི་བའི་ངོ་རྒོལ་གྱི་ནང་མཉམ་ཞུགས་ གནང་མཁན་བོད་མི་ཚེ་དབང་གྲགས་པ་ལགས། རྒྱ་ནག་གཞུང་གིས་ཁ་བྲལ་བའི་ཉེས་མིང་བཀལ་ཏེ་འོག་ལོ་ལྔ་བཙོན་འཇུག་གི་ཁྲིམས་བཅད་ཡོད་པ་དང་། ད་ལྟ་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་ཁོང་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། ཡང་རྒྱུབད་ལམ་ཁ་ཤས་སུ་གནས་ཚུལ་སྤེལ་དོན་ལ་ཁོང་གི་ད་ལྟའི་གཟུགས་གཞིའི་གནས་སྟངས་ཧ་ཅང་གིས་སྐྱོ་བོ་ཆགས་ཡོད་པ་རེད་འདུག ཆབ་སྲིད་བཙོན་པ་བྲག་མགོ་ཚེ་དབང་གྲགས་པ་ལགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG