ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་དང་ཨབ་གྷན་གྱི་ཕྱི་འབྲེལ།


ཨ་མི་རི་ཀའི་ཞི་བདེའི་སྲུང་དམག་རྣམས་ཨབ་གྷན་ཎི་སི་ཐན་ནས་ཕྱིར་འཐེན་བྱ་རྩིས་ཡོད་པའི་མཚམས་འདིར་རྒྱ་ནག་གཞུང་གིས་ཨབ་གྷན་གཞུང་ལ་ས་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་དུ་མཉམ་འབྲེལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཨབ་གྷན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་བཙུགས་ནས་མངའ་ཁུལ་དེར་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་འདོད་འདུག་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཨབ་གྷན་ལ་བདེ་འཇགས་སྲུང་སྐྱོབ་ཐད་དུ་མཉམ་འབྲེལ་བྱ་བར་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་པ་ཀི་སི་ཐན་གྱིས་རྒྱ་ནག་ལ་རབ་འདེགས་བྱེད་བཞིན་ཡོད་པའི་སྐོར། འདི་ཀ་རླུང་འཔྲིན་ཁང་གི་གསར་འགོད་པ་ཨ་ཡ་ཟི་གུལ་གྱིས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG