ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པེ་ཅིང་གི་རྩེད་འགྲན་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཕྱིར་འཐེན་ལས་འགུལ།


༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་གནས་འཁོད་བོད་པ་དང་འཇིའུ་མི་རིགས་ཀྱི་ལས་འགུལ་བ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་རེས་གཟའ་པ་སངས་ཉིན་འཇར་མན་ཎིར་གཞིས་ཚུགས་པའི་རྒྱལ་སྤྱིའི་དཔལ་འབྱོར་ཞབས་ཞུ་ཚན་པ་ཨ་ལི་ཡན་ཛིའི་བཀོད་འདོམས་ཁང་གི་ལས་ཁུངས་མདུན་དུ་བསྡད་ནས་༢༠༢༢་ལོའི་པེ་ཅིང་གི་ཨོ་ལིམ་པིཀ་རྩེད་འགྲན་ལ་ཨ་ལི་ཡན་ཛི་དཔལ་འབྱོར་ཞབས་ཞུ་ཚན་པས་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཕྱིར་འཐེན་བྱེད་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་གིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་གནས་ཕྱོགས་བསྒྲིགས་བྱས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG