ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རང་ཁྲག་གིས་བོད་རང་བཙན་ཞེས་བྲིས།


བོད་ཀྱི་མདོ་སྨད་གཙོད་གྲོང་ཁྱེར་གྱི་ཐག་ཉེར་ཡོད་པའི་ཁ་གྱའི་ཆུ་ནག་སྡེ་བའི་ན་གཞོན་འཇིགས་མེད་ཚེ་བརྟན་ཞེས་པ་ཞིག་གིས་རང་ལ་གྲི་བཙུགས་ཏེ། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་ཚོགས་ཡོད་པའི་སྐབས་སུ་བོད་རང་བཙན་བྲིས་ཞེས་ཁྲག་གིས་ཡི་གེ་བྲིས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་པ་དང་། སྐབས་དེར་འཇིགས་མེད་ཚེ་བརྟན་ས་གནས་ཀྱི་ཉེན་རྟོག་པ་དང་ཞིབ་བཤེར་མི་སྣ་ཚོས་བཙན་ཁྲིད་བྱས་ཀྱང་། ཕྱིས་སུ་རྒྱ་གཞུང་གི་ལས་སྣེ་ཚོས་འཇིགས་མེད་ཚེ་བརྟན་གྱིས་ཆང་འཐུངས་ཏེ་ར་བཟི་བའི་རྐྱེན་གྱིས་རིག་འཚོ་མ་ཟིན་པར་རང་སྲོག་བཅད་པ་རེད་ཅེས་ཡིག་ཆ་བཀྲམ་ཡོད་ཅིང་། རྩ་བའི་གོང་གི་གནས་ཚུལ་དེ་བྱུང་ནས་དུས་ཡུན་གང་ཙམ་ཞིག་སོང་ཡང་རྒྱ་ནག་གཞུང་གིས་ཁ་གྱ་ཕྱོགས་ཀྱི་འབྲེལ་མཐུད་རྒྱུད་ལམ་ལ་དམ་དྲག་དང་ཡུལ་མི་ཚོར་འཇིགས་སྣང་བསྐུལ་པར་བརྟེན། ད་བར་གནས་ཚུལ་ཁ་གསལ་ཞིག་ཕྱི་ལ་འཁྱར་ཐུབ་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡིས་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG