ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཉེན་རྟོག་པས་སོག་རྫོང་དུ་བོད་མི་ན་གཞོན་ཞིག་འཛིན་བཟུང་བྱས་ཡོད་པ།


བོད་ནག་ཆུ་ས་ཁུལ་ཁམས་སོག་རྫོང་རྒྱལ་ཆེན་ཤང་དུ་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ན་གཞོན་ཞིག་མཚན་མོ་ཁོང་གི་ནང་ནས་འཛིན་བཟུང་དང་བཙན་ཁྲིད་བྱས་ཏེ་ཉིན་བཞི་ཕྱིན་པའི་རིང་རང་གི་ཁོང་གང་དུ་ཡོད་པ་ཤེས་རྟོགས་མེད་པ་དང་། ཁོང་ག་རེའི་དོན་དུ་འཛིན་བཟུང་བྱས་པ་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་མེད་ཀྱང་བོད་མི་ཚོས་ཁོང་རྒྱུན་དུ་བོད་མིའི་ལ་རྒྱ་ཡོད་མཁན་ཡིན་པ་དང་ཕྱི་ལོགས་སུ་འབྲེལ་བ་བྱས་པའི་རྐྱེན་གྱིས་ཡིན་སྲིད་པའི་དོག་པ་བྱེད་ཀྱི་ཡོད་པ་རེད། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG