ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧུན་སུར་གཞིས་ཆགས་ཀྱི་བོད་མི་གཅིག་གིས་རང་ལུས་མེར་སྲེག་གཏང་ཐབས་བྱས་འདུག


རེས་གཟའ་ཉི་མའི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཉ་པ་ནས་ཡིན་པ་བློ་བཟང་བསྟན་འཛིན་གྱིས་བོད་མི་མང་སྤྱི་འཐུས་རྣམས་ཀྱི་བྱ་སྤྱོད་ལ་བློ་ཕམ་བྱུང་ནས་རང་ལུས་མེར་སྲེག་གཏང་རྒྱུའི་ཐབས་ཤེས་བྱས་འདུག་ཀྱང་ཁོང་གི་བོུས་མཐོང་རྗེས་མེ་བསད་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་བཏང་དགོས་དོན་ནི་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དཀའ་རྙོག་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགོངས་འཁྲུག་གཞིར་འགྱུར་ཉེན་ལ་བློས་མ་བཟོད་པར་རང་ལུས་མེར་སྲེག་བཏང་སྟེ་རང་སྲོག་གཅོད་རྒྱུའི་བྱ་བ་བརྩམས་པ་ཡིན་ཞེས་འགྲེལ་བརྗོས་བྱས་འདུག་པའི་སྐོར་རྒྱལ་མཚན་ཆོས་གྲགས་ཀྱིས་སྙན་སྒྲོན་ཞུ་ཡི་ཡིན།


XS
SM
MD
LG