ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་ཨོ་ལིམ་པིཀ་དཔལ་འབར་སྐོར་སྐྱོད་འགོ་འཛུགས།


༄༅། ད་ལོའི་ཕྱི་ཟླ་༧་པའི་ཚེས་༢༣་ནས་ཕྱི་ཟླ་༨་པའི་ཚེས་༨་བར་དུ་ཉི་ཧོང་གི་རྒྱལ་ས་ཊོག་ཁིའོ་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་པིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་ཅིང་། དེ་རིང་རེས་གཟའ་ཕུར་བུའི་ཉིན་རྩེད་འགྲན་དེའི་དཔལ་འབར་སྐོར་སྐྱོད་ཉི་ཧོང་གི་རྡུལ་ཕྲན་གློག་ཁང་གས་གཏོར་སོང་སྟེ་གོད་ཆག་ཚབས་ཆེན་འབྱུང་ས་ཧྥུ་ཁུ་ཤི་མ་ས་གནས་ནས་འགོ་འཛུགས་བྱས་འདུག ཐོག་མའི་འཆར་གཞི་ལྟར་ན་༢༠༢༠་ལོའི་ཕྱི་ཟླ་༧་པར་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་པིཀ་རྩེད་འགྲན་དེ་ཚོགས་དགོས་ཀྱང་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་རྩེད་འགྲན་དེ་ལོ་གཅིག་ཕྱིར་འགྱངས་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG