ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་སློབ་གསོ་བ་ཞིག་གིས་རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཞུ་དོན་ཚན་བརྒྱད།


(དཔར་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།)
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་ཆེན་གཉིས་ཀྱི་ནང་དུ་མཉམ་ཞུགས་གནང་མཁན། བོད་ཀྱི་སློབ་གསོ་བ་མགོ་ལོག་འཇིགས་མེད་རྒྱལ་མཚན་ལགས་ཀྱིས། བོད་ཁུལ་དུ་མི་རིགས་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ་གཙོ་བོ་བྱ་དགོས་པ་དང་། བོད་ནང་གི་སློབ་གསོ་ཡར་རྒྱས་གཏོང་བར་དགེ་རྒན་གྱི་སྤུས་ཚད་དང་གྲངས་ཚད་མཐོ་རུ་གཏོང་དགོས་པ། བོད་ཁུལ་གྱི་བདེ་འཇགས་ཐད་ལས་གཞི་ལག་བསྟར་བྱ་བར་གཞུང་གི་འགོ་ཁྲིད་དང་སྲིད་གཞུང་གིས་དངོས་སུ་ཞིབ་འཇུག་བྱ་དགོས་པ། དགོན་པར་མངགས་གཏོང་བྱེད་བཞིན་པའི་གུང་ཁྲན་ཏང་ཡོན་གྱི་ལས་བྱེད་པ་ཚོས་དགོན་པ་དང་སྲིད་གཞུང་གི་བར་དུ་འགལ་ཟླ་དང་འཁོན་འཛིན་སློང་གི་ཡོད་པ་ལས། ཆོས་མི་ཤེས་པས་དགོན་པའི་དགེ་འདུན་པ་དམངས་ལ་ཕོག་ཐུག་བཟོ་བཞིན་པ། མི་རིགས་སྐད་ཡིག་ལ་མཐོང་ཆེན་དགོས་པ་གཞུང་གི་ཁྲིམས་ཡིག་ནང་བཀོད་པ་ལྟར་ལག་ལེན་བསྟར་དགོས་པ་ལས། རང་སྐྱོང་ས་ཁུལ་ཁག་ཏུ་ས་གནས་གཞུང་གི་སྡེ་ཚན་གང་དུ་བོད་ཡིག་བེད་སྤྱོད་མེད་པར་བཏང་ཡོད་པ་བཅས་ལ་ཞིབ་འཇུག་དང་བསྐྱར་བཅོས་བྱ་དགོས་པའི་དགོས་འདུན་དོན་ཚན་བརྒྱད་ཅན་ཞིག་རྒྱ་ནག་གཞུང་ལ་ཕུལ་འདུག འདིའི་སྐོར་ང་གུས་མོ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་ཡིན།
XS
SM
MD
LG