རྒྱ་ནག་གི་ཀཱོང་མིང་ཉིན་རེའི་ཚགས་པར་ལ་སོགས་པའི་རྒྱ་ཡིག་གི་དྲ་ཚིགས་མང་དག་ཅིག་ཏུ་༼པེ་ཅིང་གི་རྒྱ་རིགས་ཡུལ་སྐོར་སྣེ་ཤན་པ་ཞིག་གི་མིག་ལམ་དུ་སྣང་བའི་བོད་མི་རིགས་༽ཞེས་རྩོམ་ཡིག་ཅིག་སྤེལ་འདུག་ཅིང་། རྩོམ་ཡིག་འདི་རྒྱ་ནག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རྒྱ་ཡིག་གི་དྲ་ཚིགས་ཁག་ལ་འགྲེམ་སྤེལ་བྱེད་འདུག་པ་མ་ཟད། རྩོམ་ཡིག་དེའི་བརྗོད་བྱ་གཙོ་བོ་ནི་པེ་ཅིང་དུ་ཡོད་པའི་རྒྱ་རིགས་ཡུལ་སྐོར་སྣེ་ཤན་པ་དཀྱུས་མ་ཞིག་གིས་བོད་ནས་པེ་ཅིང་དུ་འབྱོར་པའི་བོད་པ་ཡུལ་སྐོར་བ་བཞི་བཅུ་ལྷག་ལ་ཡུལ་སྐོར་སྤྲོ་འཆམ་གྱི་སྣེ་ཤན་པ་བྱས་པའི་རིང་དུ་བོད་པ་དེ་དག་གི་ཀུན་སྤྱོད་ཀྱིས་རྒྱ་རིགས་སྣེ་ཤན་པ་དེས་སྔོན་ཆད་གློག་བརྙན་དང་བརྙན་འཕྲིན། ཡང་ན་མིའི་ངག་རྒྱུན་ནས་མཐོང་ཐོས་བྱུང་སྟེ་བོད་པ་ཚོར་འཛིན་པའི་བསམ་བློའི་ནང་གི་ལྟ་སྟངས་ལ་འགྱུར་བ་སོང་བའི་སྐོར་བྲིས་འདུག གཤམ་ལ་ཚེ་རིང་སྐྱིད་ཀྱིས་རྩོམ་ཡིག་དེ་ངོ་སྤྲོད་ཞུ་ཡི་རེད།