ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་རིགས་འབྱོར་ལྡན་ཞིག་གི་རང་དབང་ལས་འགུལ།


རྒྱ་ནག་གི་སྒོར་མོ་དུང་ཕྱུར་མང་པོའི་བདག་པོ། འབྱོར་ལྡན་པ་ཚོང་པ་ཞིག་གིས་རྒྱ་ནག་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་། སྤྱི ཚོགས་ཀྱི་གནད་དོན་སོགས་ལ་ལོ་ངོ་མང་རིང་འཐབ་རྩོད་བྱས་ཏེ། ཁོང་གིས་རྒྱ་ནག་གི་༼སྤྱི་དམངས་གསར་པའི་ལས་འགུལ་ཚོགས་པ༽ཞེས་པ་ཞིག་ལ་མ་དངུལ་གྱི་རོགས་སྐྱོར་གནང་ཡོད་ཅིང་། ཁོང་ལ་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་བདེ་འཇགས་ལ་གཏོར་བཤིག་གཏོང་མཁན་ཞེས་ཉེས་མིང་བཙུགས་ནས་ཟླ་བ་བཞི་ལྷག་ལ་འཛིན་བཟུང་བཀག་ཉར་བྱས་མོད། ཡིན་ནའང་ཉིན་ཤས་སྔོན་ལ་མི་དེས་རང་སྐྱོན་ངོས་ལེན་བྱས་སོང་ཞེས་རྒྱ་ནག་གཞུང་གིས་གློད་གྲོལ་བཏང་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG