ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཝུ་ཧན་བརྟག་དཔྱད་ཁང་ནས་ནད་དུག་ཕྱི་ལ་ཤོར་བའི་སྡོམ་ཚིག


༄༅།། ཨ་མི་རི་ཀའི་ཝོལ་སི་ཊི་རི་ཊི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་༢༠༢༠་ལོར་ཨ་མི་རི་ཀས་བརྟག་དཔྱད་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཛམ་གླིང་ཡོངས་སུ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ནི་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་ཡོད་པའི་མཐའ་སྡོམ་བརྒྱབ་ཡོད་ཅིང་། ད་ལྟ་ཨ་མི་རི་ཀ་སོགས་ཀྱིས་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ནང་དུ་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་གསུམ་ལ་མནར་ནར་བྱུང་བ་དང་། ལོ་ཤས་སྔོན་དེར་རྒྱ་ནག་གི་ཉམས་ཞིབ་པ་ཁག་ཅིག་བྲག་ཁུང་ཞིག་ནང་དུ་ཕ་ཝང་ལ་བརྟག་དཔྱད་བྱེད་དུ་བསྐྱོད་དེ་ནད་མནར་བྱུང་བ་རྣམས་ཀྱི་ནད་རྟགས་ཡིག་ཆ་རྣམས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐོར། བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG