ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཡུ་རོབ་བུད་མེད་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་སྡུར།


གཟའ་ཉི་མར་ཡུ་རོབ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་མཐའ་མའི་རྟིང་རྩོད་འགྲན་སྡུར་གྱི་དུས་ཡུན་འཕར་མ་རྩེད་པའི་སྐབས་དེར་དབྱིན་ཇིའི་རུ་ཁག་གིས་འཇར་མན་རུ་ཁག་ཕམ་སྟེ་རྒྱལ་ཁ་བླངས། འདི་ནི་དབྱིན་ཇིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ཐོག་མ་དེ་རེད།
གཟའ་ཉི་མར་ཡུ་རོབ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་མཐའ་མའི་རྟིང་རྩོད་འགྲན་སྡུར་གྱི་དུས་ཡུན་འཕར་མ་རྩེད་པའི་སྐབས་དེར་དབྱིན་ཇིའི་རུ་ཁག་གིས་འཇར་མན་རུ་ཁག་ཕམ་སྟེ་རྒྱལ་ཁ་བླངས། འདི་ནི་དབྱིན་ཇིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ཐོག་མ་དེ་རེད།

གཟའ་ཉི་མར་ཡུ་རོབ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་མཐའ་མའི་རྟིང་རྩོད་འགྲན་སྡུར་གྱི་དུས་ཡུན་འཕར་མ་རྩེད་པའི་སྐབས་དེར་དབྱིན་ཇིའི་རུ་ཁག་གིས་འཇར་མན་རུ་ཁག་ཕམ་སྟེ་རྒྱལ་ཁ་བླངས། འདི་ནི་དབྱིན་ཇིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ཐོག་མ་དེ་རེད།

སྤོ་ལོ་རྩེད་འགྲན་གྱི་སྟོད་ཆའི་སྐར་མ་༩༠་ཐམ་པའི་ནང་དུ་ཕྱོགས་གཉིས་ཀས་སྤོ་ལོ་གཅིག་རེ་བླུགས་ཏེ་འདྲ་མཉམ་དུ་གྱུར། སྨད་ཆའི་སྐབས་སུ་དབྱིན་ཇིའི་སྤོ་ལོ་རུ་ཁག་གི་ཁེ་ལོ་ཝི་ ཁཱེ་ལིས་( Chloe Kelly)སྤོ་ལོ་གཅིག་བླུགས་ཏེ་རྒྱལ་ཁ་ཐོབ། དེ་དང་མཉམ་དུ་དབྱིན་ཇིའི་རྒྱལ་གླུ་(Sweet Caroline) གྲགས་པ་དང་རྩེད་ཐང་དུ་དབྱིན་ཇིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་དགའ་འབོད་བྱས་ཡོད་པ་རེད།

དབྱིན་ཇིའི་སྤོ་ལོ་བ་ཁེ་ལོ་ཝི་ ཁཱེ་ལི་ནི་པུས་མོར་རྨས་སྐྱོན་བྱུང་བ་ལས་སེང་དྲག་གིས་སྤྱི་ཟླ་བཞི་པར་ཕྱིར་ཡོང་ནས་རྩེད་འགྲན་ལ་ཞུགས་པ་ཡིན་འདུག མོ་ལ་ཤོག་བྱང་སེར་པོ་ཞིག་རག་ཡོད་མེད་ལ་མ་ལྟོས་པར་སྤྱི་ལོ་༡༩༩༩་ལོར་ཨ་རིའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་དུས་ཨ་རིའི་རྩེད་འགྲན་པ་Brandi Chastain གྱིས་རང་གི་རྒྱལ་ཁ་ལ་དགའ་འབོད་བྱེད་སྟངས་ལྟར་ཁེ་ལོ་ཝི་ ཁཱེ་ལི་ཡིས་ཀྱང་རྩེད་ཐང་དུ་སྟོད་ལྭ་ཕུད་དེ་རྒྱལ་ཁའི་དགའ་འབོད་བྱས་འདུག

ལོ་ངོ་༡༣་གོང་དུ་ཡུ་རོབ་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་རྩོད་མཐའ་མ་དབྱིན་ཇི་དང་འཇར་མན་བར་དུ་བྱུང་བ་ནས་ད་ལྟའི་བར་བུད་མེད་སྤོ་ལོ་རྩེད་འགྲན་པ་༨༧༠༠༠་བྱུང་ནས་ཡུ་རོབ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་ཁྲོམ་ར་ཇེ་ཆེར་འགྲོ་བཞིན་པ་རེད། ལོ་ངོ་༡༣་གོང་གི་དབྱིན་ཇི་དང་འཇར་མན་རུ་ཁག་བར་གྱི་འགྲན་སྡུར་སྐབས་སུ་འཇར་མན་གྱིས་སྤོ་ལོ་དྲུག་དང་དབྱིན་ཇིའི་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ཏེ་འཇར་མན་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ལ་སྐབས་དེའི་རྒྱལ་ཁ་ཐོབ། སྐབས་དེར་དབྱིན་ཇིའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་ཆེད་ལས་པའི་ངོ་བོ་མིན་པར་ཞོར་ལས་གྱི་ངོ་བོར་གནས་ཡོད་མོད། དེ་ནས་ལོ་གཉིས་ཀྱི་རྗེས་སུ་དབྱིན་ཇིའི་གཞུང་གིས་བུད་མེད་རྐང་རྩེད་སྤོ་ལོའི་ཆེད་ལས་རུ་ཁག་བཙུགས། རིམ་བཞིན་འཇར་མན་གྱི་བུད་མེད་རྐང་རྩེད་སྤོ་ལོ་ཆེད་ལས་རུ་ཁག་གི་དོ་ཟླར་དབྱིན་ཇི་དང་སི་པན། ཧྥ་རན་སི་ལ་སོགས་པའི་ཡུལ་ཁག་སོ་སོར་བུད་མེད་ཀྱི་རྐང་རྩེད་སྤོ་ལོ་བ་གསོ་སྐྱོང་དང་ཆེད་ལས་རུ་ཁག་བཙུགས་ཏེ་ཡུ་རོབ་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ད་ལྟ་རྒྱལ་སྤྱིའི་ནང་གི་ཆེད་ལས་དང་རྩེད་འགྲན་ཆེ་གྲས་ཀྱི་ཁོངས་སུ་ཚུད།

སྤྱི་ལོ་༡༩༦༦་ལོར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་(World Cup)ནང་དུ་དབྱིན་ཇི་དང་འཇར་མན་གཉིས་རྟིང་རྩོད་འགྲན་སྡུར་བྱུང་སྟེ་སྐབས་དེར་དབྱིན་ཇིའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་མྱོང་ཞིང་། གཞན་འདས་པའི་ལོ་༥༦་རིང་དབྱིན་ཇིའི་ལོ་རྒྱུས་སུ་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དེ་ཐེངས་འདིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཡིན་འདུག

ས་རི་ན་ཝེག་མན་ནི་(Sarina Wiegman) ནི་དབྱིན་ཇིའི་རྒྱལ་ཡོངས་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྦྱོང་བརྡར་སྤྲོད་མཁན་དང་རྐང་རྩེད་སྤོ་ལོ་བ་ཟུར་པ་ཞིག་རེད། ཐེངས་འདིར་ཁོ་མོས་སྦྱོང་བརྡར་སྤྲད་པའི་དབྱིན་ཇིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་སྐབས། ཐོག་མ་དེར་ད་ལྟའི་དབྱིན་ཇིའི་རྩེད་འགྲན་པ་ཇཱིལ་སི་ཀོ་ཊི་(Jill Scott)་ལ་འཐམས་ནས་དགའ་འབོད་བྱས་ཡོད་པ་རེད། དེའི་རྒྱུ་མཚན་ནི་སྤྱི་ལོ་༢༠༠༩་ལོར་དབྱིན་ཇི་དང་འཇར་མན་གཉིས་ཀྱི་བུད་མེད་རུ་ཁག་བར་འགྲན་སྡུར་བྱས་སྐབས་དབྱིན་ཇི་རུ་ཁག་ཤོར་ཡོད་པ་དང་། ཤོར་མྱོང་བའི་རུ་ཁག་དེའི་ནང་ནས་ད་ལྟ་ད་དུང་རྩེད་མཁན་གཅིག་ལྷག་ཡོད་པ་ནི་ཇཱིལ་སི་ཀོ་ཊི་ཡིན་འདུག

བུད་མེད་རྐང་རྩེད་སྤོ་ལོའི་མཐའ་མའི་རྟིང་རྩོད་འགྲན་སྡུར་འདིའི་རྩེད་དཔང་ནི་ཡུཀ་རེན་གྱི་ཁེ་ཊེར་རི་ན་མོན་ཛུལ་(Kateryna Monzul) ཡིན་པ་དང་། ཁོང་གི་རྒྱལ་ཁབ་ཡུཀ་རེན་ལ་ཨུ་རུ་སུས་བཙན་འཛུལ་བྱུང་སྟེ་ཨི་ཊ་ལིར་བཙན་བྱོལ་དུ་འབྱོར་ཡོད་པ་རེད། ཁོ་མོ་ཡུ་རོབ་ཀྱི་བུད་མེད་རྩེད་དཔང་ཕུལ་དུ་བྱུང་བའི་གྲས་སུ་ཚུད་ཡོད་པ་རེད།

XS
SM
MD
LG