ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་བརྒྱུད་ནང་བསྟན་གྱི་བསླབ་གཞི་ཁག་དངོས་སུ་རྒྱ་སྐད་ཐོག་སློབ་ཁྲིད་ལག་བསྟར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་པ།


འདི་ལོ་༢༠༢༢ཕྱི་ཟླ་༤ཚེས་ ༢༧ ཉིན་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཆོས་ལུགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསླབ་གཞི་ཚང་མ་ཕྱི་ཟླ་ལྔ་པ་ནས་གང་མགྱོགས་རྒྱ་ཡིག་བསྒྱུར་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག་ལ། རིམ་གྱིས་བོད་བརྒྱུད་ནང་བསྟན་སློབ་འཁྲིད་ཀྱང་རྒྱ་སྐད་ཐོག་བྱ་དགོས་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཡོང་གི་ཡོད་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་ཡོད་སྒྲ།། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གིི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཡིན།

འབྲེལ་ཡོད།

XS
SM
MD
LG