ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
མདུན་ངོས།
བོད།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
Live
Live
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཟླ་བ། ༢༠༢༣/༠༡/༣༠
བོད།
བོད་ནང་ཉིན་གསུམ་རིང་དྲ་ལམ་དང་མང་ཚོགས་འདུ་འཛོམས་དམ་དྲག་བྱེད་རྒྱུའི་བཀའ་རྒྱ་བཏང་ཡོད།
༠༦།༠༧།༢༠༢༠
བོད་ནང་ཉིན་གསུམ་རིང་དྲ་ལམ་དང་མང་ཚོགས་འདུ་འཛོམས་དམ་དྲག་བྱེད་རྒྱུའི་བཀའ་རྒྱ་བཏང་ཡོད།
པར་འདེབས་པ།
བོད་ནང་ཉིན་གྲངས་གསུམ་གྱིས་རིང་ལ་དྲ་ལམ་དང་མང་ཚོགས་འདུ་འཛོམས་སོགས་ལ་དམ་དྲག་བྱེད་རྒྱུའི་བཀའ་རྒྱ་བཏང་ཡོད་ཀྱང་མང་ཚོགས་ཀྱི་གསང་གསོལ་གཏོང་བ་སོགས་ཀྱི་སྒོ་ནས་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་པའི་གནས་ཚུལ་འདུག། ཞིབ་ཕྲ་གཤམ་ལ་སྙན་སྒྲོན་ཞུ་རྒྱུ་ཡིན། ལོ་ལྟར་སྤྱི་རྩིས་ཀྱི་སྤྱི་ཟླ་བདུན་པའི་ཚེས་དྲུག་གི་ཉིན་མོ་ནི་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པས་བོད་ཕྱི་ནང་གཉིས་དང་འཛམ་གླིང་རྒྱལ་ཁབ་གང་སར་བཞུག་པའི་བོད་རིགས་དང་མགོན་པོ་གང་ཉིད་ལ་ཡིད་ཆེད་བློ་གཏད་ཡོད་མཁན་གྱི་མི་མང་པོ་ཞིག་གིས་འཁྲུང་སྐར་སྲུང་བརྩི་བྱེད་བཞིན་ཡོད་པ་དང་ད་ལོར་བོད་ནང་གི་ས་ཁུལ་ཁག་ཅིག་དུ་རྒྱ་ནག་གཞུང་གི་དམ་དྲག་གི་སྐོར་སོགས་ལ་མིང་བརྗོད་འདོད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་་་་་སྒྲ་་་་་་དེ་ལྟར་ཁོང་གིས་བརྗོད་དོན་ལྟར་ན་བོད་ནང་གི་མགོ་ལོག་རྨ་ཆེན་དང་ར་རྒྱ་ཕྱོགས་། མགོ་ལོག་རྟ་བོ་དང་གཡོན་གཞི་ཕྱོགས་བཅས་སུ་སྤྱི་རྩིས་ཀྱི་ཚེས་ལྔ་ཉིན་ནས་བཟུང་སྤྱི་སྲུང་འཛུགས་པ་དང་རི་མགོར་རླུང་རྟ་དར་ལྕོག་གསར་འཛུགས་། གསང་གསོལ་གཏོང་བ་མི་མང་ཚང་མ་མཉམ་གཅིག་དུ་འཛོམས་ནས་སྲོལ་རྒྱུན་རྩེད་མོའི་རིགས་སྣ་ཚོགས་རྩེ་བ། ༧རྒྱལ་བའི་སྐུ་ཕྱིའི་ཆེད་དུ་ཞབས་རིམ་དང་སེམས་ཅན་ཚེ་ཐར་གཏོང་བ་སོགས་འདི་ལོར་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དགོང་གྲངས་༨༥་ལ་ཕེབས་པའི་སྐུ་འཁྲུངས་སྐར་སྲུང་བརྩིེ་བྱེད་གི་ཡོད་། ཚེ་ལྔ་ཉིན་སྤྱི་གསང་གཏོང་བ་དང་ཚེས་དྲུག་ཉིན་འཁྲུངས་སྐར་དངོས་གཞི་ཉིན་མོ་། ཚེས་བདུན་ཉིན་སྲོལ་རྒྱུན་རྩེད་མོའི་རིགས་རྩེ་རྒྱུ་རེད། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་སྤྱི་ཚོགས་དྲ་བ་དང་སྡེ་དགོན་གཉིས་ཀྱི་མགོ་ཁྲིད་སོགས་བརྒྱུད་ནས་འཁྲུང་སྐར་སྔ་རྗེས་ཀྱི་ཉིན་གསུམ་རིང་མང་ཚོགས་མི་སྒེར་སོ་སོའི་དྲ་ལམ་བརྒྱུད་ནས་པར་རིས་དང་བརྙན་ཐུང་སོགས་བརྒྱུད་བསྐུར་བྱས་མི་ཆོག་པ་དང་མི་གཞན་གྱི་དྲ་ལམ་དུ་བཀོད་པ་དེར་སྙིང་རྟག་རྒྱག་པ་སོགས་བྱས་ཚེ་ཁྲིམས་འགལ་ནག་ཉེས་ཕོག་པ་དང་མི་ཚོགས་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་མི་ཆོག་ཚུལ་སྒྲགས་འདུག་པས་ཚང་མའི་གཟབ་གཟབ་བྱེད་དགོས་བའི་དུས་ལ་བབས་ཡོད་པ་རེད། གཙོ་བོ་སང་ཉིན་འཁྲུང་སྐར་དངོས་གཞི་ཉིན་གྱི་བྱེད་སྒོ་ཁག་གི་སྐབས་སུ་དྲ་ལམ་ལ་པར་དང་བརྙན་རིས་སོགས་བསྐུར་མི་ཉན་པ་མང་ཚོགས་ནང་ཁུལ་ཕན་ཚུན་ལ་གསལ་བརྡ་གཏོང་མཁན་ཡང་འདུག་། གལ་ཏེ་མངོན་གསལ་དོད་པོའི་སྒོ་ནས་༧རྒྱལ་བའི་སྐུ་པར་གདན་འདྲེན་དང་སྤྲི་ཀོར་སྟེང་དགུང་གྲངས་དང་མཚན་སོགས་མཁོད་དེ་དགའ་སྟོན་རྟེན་འབྲེལ་ལ་རོལ་ཚེ་རི་དགོན་གཉིས་ལ་ཉེན་ཁ་འབྱུང་སྲིད་སྐོར་བརྗོད་སོང་།་་་་་་་་་སྒྲ་་་་་་་་་ ཡང་གནས་ཚུལ་ཡོངས་ཁུངས་གཞན་ཞིག་ནས་བརྗོད་དོན་ལྟར་ན་མཚོ་སྔོན་དང་སི་ཁྲོན་ཀན་སུའུ་བཅས་ཀྱི་མངའ་ཁོངས་ཀྱི་བོད་རིགས་འདུས་སྡོད་ཀྱི་ས་གནས་ཁག་གི་ཞིང་ཆེན་དང་ཁུལ་ཐ་ན་རྫོང་ཐོག་བཅས་སུ་ཡོད་པའི་ཟ་ཁང་དང་མགྲོན་ཁང་ཆེན་པོའི་ནང་དུ་མང་ཚོགས་སྐོར་སྐོར་བྱས་དེ་འཛོམས་པའི་ཐོག་སྤྲི་ཀོར་གཏུབ་ནས་སྤྲོ་སྐྱིད་གཏོང་མཁན་འདྲ་ཡོད་མེད་ལ་རྒྱ་ནག་གི་གསང་བའི་ངང་རྟོག་ཞིབ་བྱེད་བཞིན་ཡོད་པས་དེ་ལ་གཟབ་གཟབ་ནན་མོ་བྱེད་དགོས་ཀྱིན་ཡོད་པའི་གནས་ཚུལ་མཁོ་སྤྲོད་གནང་སོང་།
Embed
share
བོད་ནང་ཉིན་གྲངས་གསུམ་གྱིས་རིང་ལ་དྲ་ལམ་དང་མང་ཚོགས་འདུ་འཛོམས་སོགས་ལ་དམ་དྲག་བྱེད་རྒྱུའི་བཀའ་རྒྱ་བཏང་ཡོད་པ།
by
ཝི་ཨོ་ཨེ།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:05
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
Embed
share
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༤ འཁོར་བའི་དུས་ཆེན་སྲུང་བརྩི།
Embed
share
The code has been copied to your clipboard.
width
px
height
px
The URL has been copied to your clipboard
No media source currently available
0:00
0:02:26
0:00
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༤ འཁོར་བའི་དུས་ཆེན་སྲུང་བརྩི།
འདི་ལ་དགའ་པོ་ཡོང་སྲིད།
རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་གི་ཨང་དང་པོར་ཆགས་སྲིད་དམ།
ལ་དྭགས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གི་འཁྲུག་རྩོད་འབྱུང་ཉེན།
རྒྱ་གར་གྱི་སྲིད་བློན་མོ་དྷིར་འབྲེལ་བ་ཡོད་པའི་གློག་བརྙན་ཞིག་བཀག་སྡོམ།
རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་བའི་དུས་རབས་མཇུག་བསྒྲིལ་ཟིན་པར་བརྗོད།
རྒྱ་ནག་ཏུ་རོ་སྒམ་གྱི་ཚོང་ལས་དར་འཕེལ།
༧གོང་ས་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་གསར་པར་འཚམས་འདྲིའི་གསུང་འཕྲིན་བསྩལ།
Back to top
XS
SM
MD
LG