ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འཕྲོད་བསྟེན་སྒྲིག་འཛུགས་ལ་མ་དངུལ་བཅད་ནས་ཉམ་ཐག་ཚོར་དོ་ཕོག


༄༅།། གཟའ་འཁོར་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་གི་རིམས་ནད་གསར་པར་སྔོན་འགོག་བྱ་རྒྱུ་འཐུས་ཤོར་བཏང་སྟེ། རྒྱལ་སྤྱིའི་སྒྲིག་འཛུགས་དེས་རྒྱ་ནག་ལ་བློ་ཐག་ཉེ་བོ་བྱས་ནས་ལས་དོན་བསྒྲུབས་སོང་ཞེས་ཉེས་འཛུགས་ཀྱིས་ཨ་རིའི་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མ་དངུལ་ཕོན་ཆེན་ཞིག་རོགས་རམ་སྤྲད་དང་སྤྲོད་བཞིན་པ་རྣམས་ངང་འཐེན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་ཅིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་མཐུན་འགྱུར་བཅད་པ་དེས་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་གི་མི་མང་ཆེས་ཉམ་ཐག་ཚོར་གནོད་སྐྱོན་དང་དོ་ཕོག་ཆེ་ཤོས་ཐེབས་རྒྱུའི་ཉེན་ཁ་འདུག་ཅེས་འཕྲོད་བསྟེན་མཁས་པ་ཚོས་གསུང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG