ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷེང་ལོར་དང་ཅ་ནལ་གྲོང་ཁྱེར་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།


༄༅།། དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པའི་ཉིན་མོར་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མཐོ་སློབ་ཁག་གི་ཕྲུག་ཚོ་དང་མང་ཚོགས་རྣམས་སྔ་དྲོར་ལྷོ་སྤྱི་ལས་ཁུངས་སུ་ཚོགས་པའི་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་དང་། ཕྱི་དྲོར་བྷེང་ལོར་གྲོང་ཁྱེར་གྱི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་ནས་འགོ་འཛུགས་ཀྱིས་མི་ཚོགས་འདུ་ཡུལ་ཀོ་ར་མང་གྷ་ལ་བརྒྱུད་ནས་མེ་འཁོར་འབབ་ཚུགས་ལྟེ་བ་བར་དུ་འཕྲུལ་རྟ་༧༠་ཡས་མས་ཤིག་གིས་སྐོར་སྐྱོད། ལམ་བར་དུ་རྒྱ་གར་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་བྱེད་བཞིན་མེ་འཁོར་འབབ་ཚུགས་ནས་རང་དབང་སྤྱི་གླིང་བར་དུ་རྒྱང་ཐག་སྤྱི་ལེ་༦་ཙམ་ལ་སློབ་ཕྲུག་དང་མང་ཚོགས་༣༠༠་ཙམ་གྱིས་འབོད་ཚིགས་འདྲ་མིན་འཁོད་པའི་འཕྲེད་དར་དང་ལག་བྱང་སྣ་ཚོགས་འཁྱེར་ནས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་ཤིག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་བྱ་དགོས་ཞེས་པ་འབོད་སྒྲ་སྒྲོགས་བཞིན་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG