༄༅།། དེ་རིང་གི་ཉིན་མོ་འདི་ནི་མི་ལོ་༦༡་གི་གོང་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སྐྱ་སེར་རྒན་གཞོན་དབྱེ་བ་མེད་པར་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་གཞུང་གི་བཙན་གནོན་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་བོད་པ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་པའི་ཉིན་མོ་དེ་ཡིན་ཞིང་། འདི་ནི་བཙན་བྱོལ་སྤྱི་ཚོགས་སུ་བོད་པ་ཚོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་སྲུང་བརྩི་ཞུ་བའི་དུས་དྲན་ཡང་ཡིན་པས་དེ་རིང་བཀའ་སྤྱི་གཉིས་ཀས་འདས་པའི་ལོ་ངོ་དེ་དག་རིང་ལ་བོད་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་ཚོར་རྗེས་དྲན་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་དོན་བདེན་མཐའ་སེལ་བར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚབ་ལ་བོད་རྒྱའི་གྲོས་མོལ་སྐྱར་གསོ་བྱ་དགོས་པའི་གསུངས་བཤད་གནང་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཙུལ་དེ་གསན་རོགས་གནང་།།