ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༡༡/༣༠

དབུས་གཙང་ལོ་རྒྱུས་ཆེན་མོ་དབུ་འབྱེད།


༄༅།། བོད་མིའི་མགོན་སྐྱབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་འོག སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་གཙོས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕྱི་ལོ་༢༠༡༣་གྱི་ལོ་དཀྱིལ་ཡས་མས་ནས་དབུ་འཛུགས་ཀྱིས་བོད་ཡིག་དང་དབྱིན་ཇི། རྒྱ་ཡིག་སོགས་སྐད་ཡིག་འདྲ་མིན་དུ་འཁོད་པའི་ལོ་རྒྱུས་ཡིག་ཆ་ཁག་དང་། གཞན་ཡང་འབྲེལ་ཡོད་མི་སྣ་ཁག་ལ་བཅར་འདྲི་ཞུས་ཏེ་དབུས་གཙང་ཕྱོགས་ཀྱི་ལོ་རྒྱུས་ཞིབ་ཇུག་དང་ཕྱོགས་སྒྲིག་གནང་བ་དབུས་གཙང་ཆོལ་ཁས་པར་སྐྲུན་གྱི་མཐུན་འགྱུར་འཚོལ་སྒྲུབ་དང་པར་དབང་གི་བཀའ་ཁྲོལ་ཞུས་ཏེ་དེབ་ཕྲེང་གསུམ་གྱི་བདག་ཉིད་དུ་གྱུར་པའི་དབུས་གཙང་ལོ་རྒྱུས་ཆེན་མོ་ཞེས་པ་དཔར་དུ་བསྐྲུན། དེ་རིང་ཕྱི་ཟླ་༣་པའི་ཚེས་༣་ཉིན་བཞུགས་སྒར་དྷ་རམ་ས་ལའི་ནོར་བུ་མགྲོན་ཁང་དུ་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་ལྟར་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་ཕེབས་ནས་ལོ་རྒྱུས་ཀྱི་རྩ་བ་འཛིན་ས་དང་ལོ་རྒྱུས་ཀྱི་ཐ་སྙད་འདྲ་མིན་བེད་སྤྱོད་བྱེད་ཕྱོགས། དེ་བཞིན་ཁུངས་ལྡན་ཡིན་མིན་སོགས་སྟོང་ཆར་ལུས་ཚུལ་རྣམས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་ཆབས་ཅིག དབུས་གཙང་ལོ་རྒྱུས་དེབ་ཕྲེང་དག་བྱུང་རབས་ཀྱི་དོན་སྙིང་ལྡན་པ་ཞིག་འདུག་ཅེས་བསྔགས་བརྗོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG