ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དུ་སོ་ནམ་ལོ་སར་སྐབས་སུ་བོད་པ་འཛིན་བཟུང་བྱས་པ་གློད་གྲོལ།


སྤྱི་ཟླ་དང་པོའི་ཚེས་༢༥་ཉིན་བལ་ཡུལ་དུ་སོ་ནམ་ལོ་སར་དུས་སུ་རྟ་མང་བ་དང་ཤར་པ། ཡོལ་མོ་བ་དང་བོད་པ་བཅས་མི་རིགས་མང་པོ་ཞིག་གིས་ལོ་ལྟར་ལོ་སར་ལ་དགའ་སྟོན་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་བལ་ཡུལ་གྱི་སྟོད་པ་བདེ་དོན་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ལོ་སར་ཚེས་དང་པོའི་ཉིན་བལ་ཡུལ་ཤེལ་དཀར་ཆོས་སྡེར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་དང་མང་ཚོགས་འདུ་འཛོམས་ཀྱི་ལོ་སར་ལ་རོལ། ལོ་སར་ཚེས་གསུམ་སྟེ། སྤྱི་དང་པོའི་ཚེས་༢༧་ཉིན་ཧྥོལ་པ་རེ་ཞེས་བའི་རྡོ་སྣུམ་ས་ཚིགས་ཀྱི་ཉེ་འགྲམ་དུ་བཟོ་གྲྭ་རྙིང་པའི་ཚོགས་ཁང་ཞིག་གི་ནང་དུ་ཚོགས་པ་སྐྱིད་སྡུག་ཁག་གི་མི་མང་རྣམས་ལྷན་འཛོམས་ཀྱིས་ལོ་སར་གཏོང་བཞིན་པའི་སྐབས་སུ་མ་ཅང་རྩེད་བཞིན་པའི་སྐབས་སུ་ས་གནས་ཉེན་རྟོག་པས་མི་མང་པོ་ཞིག་འཛིན་བཟུང་བྱས་འདུག ཡིན་ནའང་ད་ལྟ་འཛིན་བཟུང་བྱས་པའི་མི་རྣམས་གློད་གྲོལ་བཏང་སྟེ་གང་ཅིའི་ཐད་དུ་ཞི་འཇགས་བྱུང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG