ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༡༢/༠༦

བོད་ས་ཁག་ཅིག་ལ་གློ་ཚད་རིམས་ནད་ཁྱབ་གདལ།


༄༅།། སྤྱི་ཚེས་༢༨་ཉིན་གྱི་མཚན་གུང་གི་ཆུ་ཚོད་༡༢་བར་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབའི་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་རིམས་ནད་ཕོག་སྟེ་རྒྱ་ནག་རྒྱལ་ཡོངས་སུ་ཁྱོནབསྡོམས་མི་༡༣༢་འདས་གྲོངས་སུ་གྱུར། འགོས་ནད་དེ་ཕོག་ཡོད་མཁན་གྱི་མི་གྲངས་༥༩༧༤་ཡོད་ཅིང་ནད་པ་ཚབས་ཆེན་ཡིན་པའི་མི་གྲངས་༡༢༣༩་ཡོད་པ་དང་རིམས་ནད་དེ་ཕོག་ཡོད་པར་དོགས་གཞི་ཅན་གྱི་མི་༩༢༣༩་འདུག་ཅེསརྒྱ་ནག་གི་དབུས་གསར་འགྱུར་ལས་ཁང་གིས་གསལ་བསྒྲགས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུའང་ནད་དེ་ཕོག་ཡོད་པར་དོགས་པ་བྱ་ཡུལ་གཅིག་བྱུང་ཡོད་པ་སྟེ། མི་དེ་རུསཀྲང་ཅན་གྱི་རྒྱ་མི་ཞིག་ཡིན་པ་དང་ལོ་ན་༣༤་ལ་སོན། ཁོ་པ་ཧུའུ་པེ་ཞིང་ཆེན་གྱི་སུའུཀྲུག་གྲོང་ཁྱེར་ནས་རེད། སྤྱི་ཟླ་དང་པོའི་ཚེས་༢༢་ཉིན་རྒྱ་མི་དེ་རྒྱ་ནག་ཝུ་ཁྲང་ནས་མེ་འཁོར་ནང་དུ་བསྡད་དེ་སྤྱི་ཚེས་༢༤་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར། སྤྱི་ཚེས་༢༥་ཉིན་གྱི་དགོང་མོར་ལྷ་སའི་སྨན་ཁང་ཞིག་ཏུ་ཟུར་བསྟེན་བརྟག་དཔྱད་བྱས་པར་མི་དེར་ཝུ་ཧན་གྱི་གློ་ཚད་རིམས་ནད་འགོས་ཡོད་པའི་དོགས་པ་བྱུང། ད་ལྟ་ཁོ་པར་ན་ཚ་དེ་དངོས་སུ་བྱུང་ཡོད་མེད་རྒྱ་ནག་གི་འགོས་ནད་སྔོན་འགོག་ལྟེ་གནས་ཀྱིས་བསྐྱར་དུ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་སྤྱི་ཚེས་༢༩་ཉིན་ལྷ་ས་གྲོང་ཁྱེར་འཕྲོེད་བསྟེན་བདེ་ཐང་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་འདུག

མི་འདི་སྨན་ཁང་ཏུ་ཕྱིན་ནས་དེ་རིང་བར་དུ་ཉིན་བཞི་འགོར་ཀྱང་རྒྱ་ནག་གི་གཞུང་འབྲེལ་སྡེ་ཚན་ཁག་དང་གསར་ལམ་ཁག་གིས་གནས་ཚུལ་འདི་གསལ་བསྒྲགས་མ་བྱས་པ་ནི་ས་གནས་གཞུང་གིས་ས་གནས་དེའི་མི་དམངས་ཀྱི་བདེ་ཐང་ལ་འགན་འཁྲི་མ་བླངས་པ་རེད་ཅེས་དྲྭ་ལམ་དུ་སྐྱོན་བརྗོད་བྱེད་མཁན་བྱུང་གི་ཡོད་ཅིང་། ཉེ་ཆར་རྒྱ་ནག་གི་ས་གནས་གཞན་པ་ཚང་མར་རིམས་ནད་ཁྱབ་གདལ་ཕྱིན་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་རིམས་ནད་དེ་ཁྱབ་མེད་ཅེས་གསར་འགྱུར་སྤེལ རྒྱ་ནག་གི་སྐྱེས་པ་དེ་ནི་ལྷ་སར་ནད་དེ་ཕོག་ཡོད་པའི་དོགས་པ་བྱ་ས་ཐོག་མ་དེར་གྱུར གཞན་ཡང་བོད་ཀྱི་དཀར་མཛེས་ཁུལ་གྱི་ཁོངས་སུ་ཏོག་དབྱིབས་ནད་དུག་གིས་སླངས་པའི་གློ་ཚད་རིམས་ནད་ཕོག་མཁན་མི་གསུམ་བྱུང་ཡོད་པདེ་དག་གི་གྲས་སུ་ལོ་ན་༥༠་ང་གྲངས་ཅན་གྱི་སྐྱེས་པ་ཞིག་ཡོད་པ་བོད་པ་ཞིག་ཡིན་པའི་དོགས་པ་བྱེད་བཞིན་འདུག དེ་མིན་བོད་པ་མང་པོི་གནས་སྡོད་བལ་ཡུལ་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་དེ་ཕོག་མཁན་མི་༦་ཡོད་པ་རེད།

ད་ཐེངས་ཀྱིརིམས་ནད་འདིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་གི་གི་འགྲིམ་འགྲུལ་བཀག་ཀྱང་རིམས་ནད་འདི་འགོས་ཁྱབ་འགྲོ་རྒྱུ་ཉུང་དུ་མ་ཕྱིན་པར་དེ་ལས་ལྡོག་སྟེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་བྱུང་གི་ཡོད་པ་སྟེ། ད་ལྟ་བོད་ཀྱི་ས་ཁུལ་ཁག་གི་ཡུལ་ཚོའི་སྲིད་གཞུང་ཁག་དང་གྲོང་སྡེ་སོ་སོར་ཞིབ་བཤེར་བྱ་ཡུལ་ས་ཚུགས་བཙུགས་ནས་སྡེ་འི་ནང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོར་ཚ་ནད་ཕོག་ཡོད་མེད་བརྟག་དཔྱད་བྱེད་འགོ་ཚུགས བོད་ཀྱི་གྲྭ་བཙུན་དང་བོད་་དང་བླངས་བ་ཁག་ཅིག་གིས་སྐད་འཕྲིན་དང་པོད་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ་བོད་ཡིག་བོད་སྐད་ཀྱིལམ་ནས་རིམས་ནད་འདི་སྔོན་འགོག་ཇི་ལྟར་བྱ་དགོས་མིན་གྱི་གོ་རྟོགས་སྤེལ་བར་ཀློག་མཁན་དང་ཉན་མཁན་ཁྲི་ཕྲག་མང་པོས་དོ་སྣང་བྱེད་བཞིན་འདུག

དེང་སྐབས་རིམས་ནད་འདི་རྒྱ་ནག་ས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་གནས་མང་དག་ཅིག་ལ་ཁྱབ། རྒྱ་ཁབ་གཞན་དུ་གློ་ཚད་རིམས་ནད་བྱུང་ཡོད་པའི་མི་ཕལ་མོ་ཆེ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་སོང་མྱོང་མཁན་དང་། ཝུ་ཧན་ནསཡོང་བའི་མི་ལ་འབྲེལ་འདྲིས་བྱེད་མཁན་ཚོ་ཡིན་ཞིང་དེར་བརྟེན་ཨ་རི་སོགས་རྒྱལ་ཁབ་ཁག་ཅིག་གིས་ཆེད་སྤྱོད་གནམ་གྲུ་བཏང་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་འགག་ཡོད་པའི་རང་གི་སྤྱི་དམངས་རྣམས་སྐྱོབ་ལེན་བྱེད་བཞིན་ཡོད་པར་མ་ཟད། རྒྱ་ནག་ལ་འཕུར་སྐྱོད་བྱེད་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཁག་ཅིག་ཀྱང་འཕུར་མཚམས་བཞག བྱང་ཀོ་རི་ཡས་བདུན་ཕྲག་སྔོན་མ་ནས་རྒྱ་ནག་གི་མི་གཅིག་ཀྱང་བྱང་ཀོརི་ཡར་ཡོང་མི་ཆོག་པའི་ཐག་བཅད། བལ་ཡུལ་དང་རྒྱ་ནག་གཉིས་ཀྱངགཟའ་ལྷག་པ་ནས་ཉིནབཅོ་ལྔའི་རིང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཁག་ཅིག་སྒོ་བརྒྱབ་ནས་འགྲོ་འོང་བཀག་འགོག་བྱ་རྒྱུའི་གྲོས་ཁ་མཐུན། ཡིན་ནའང་ད་སྔ་རྒྱ་ནག་མ་གཏོགས་རྒྱལ་ཁབ་གཞན་གྱི་ནང་དུ་རིམས་འདིས་རྐྱེན་པས་འདས་གྲོངས་སུ་གྱུར་པའི་མི་གཅིག་ཀྱང་བྱུང་མེད་པ་རེད།

XS
SM
MD
LG