ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་གསུངས་པ།


༄༅། །རེས་གཟའ་ཕུར་བུའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པ་དང་འབྲུག་པ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་། དེ་བཞིན་ཕྱི་རྒྱལ་བ་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་པའི་ནང་ སངས་རྒྱས་ཀྱི་ཆོས་ལ་དད་པ་བྱས་པ་ཙམ་མ་ཡིན་པར་སངས་རྒྱས་པའི་ཆོས་ཀྱི་གནད་འགག་དེ་ཤེས་པ་བྱས་ཏེ་དད་པ་བྱེད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་ཅིང་། དེ་ཡང་དཔྱད་པ་བྱས་ནས་སློབ་སྦྱོང་བྱེད་དགོས་ཡིན་ཞེས་བཀའ་སློབ་བསྩལ་གནང་མཛད་འདུག་པ་དང་། སང་ཉིན་རེས་གཟའ་པ་སངས་ཉིན་གནས་མཆོག་རྡོར་རྗེ་གདན་གྱི་མཛད་འཆར་རྣམས་རེ་ཞིག་ལེགས་པར་གྲུབ་སྟེ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་བཅས་ཀྱི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG