ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འཐབ་ཕྱོགས་གཅིག་གྱུར་གྱི་གསང་བ་བརྟོལ་བའི་དཔེ་དེབ།


རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ཟུར་པ་དང་ད་ལྟ་ཨ་རིར་གནས་སྡོད་ཁྲིམས་ལུགས་རིག་པ་བ་ཁྲིན་ཀཱན་ཡན་ཡིས་༼རྒྱ་ནག་དམར་ཤོག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་གསང་བ་ཕྱི་བསྒྲགས་༽ཞེས་པའི་དེབ་དེ་ད་ལྟ་དབྱིན་ཡིག་ཏུ་བསྒྱུར་ཏེ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ཅིང་། དེབ་འདིའི་རྩོམ་པ་པོས་བརྗོད་ན། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ནི་ཆབ་སྲིད་ཀྱི་གཡོ་ཐབས་ཤིག་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་གྱིས་རྒྱུས་ལོན་བྱ་དགོས་པ་རེད། གཞན་ཡང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་མེད་པར་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་གཏོང་བྱེད་ལ་སྲིད་དོན་འཐབ་ཇུས་གཙོ་བོར་འཛིན་གི་ཡོད་པ་བཅས་བརྗོད་ཡོད་པ་རེད། ཚེ་རིང་སྐྱིད་ཀྱིས་དེབ་དེའི་དབུ་འབྱེད་མཛད་སྒོར་རྩོམ་པ་པོས་གཏམ་བཤད་བྱས་པ་དང་རྩོམ་པ་པོ་ཁོང་གི་སྐོར་བཅས་ཕྱོགས་སྒྲིག་བྱས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG