ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨི་རན་གྱི་ཡ་ལན་གཏོར་རྒོལ་མཚམས་བཞག་པ།


ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ ཊམ་གྱིས་གཟའ་ལྷག་པའི་སྔ་དྲོར་ཨ་མི་རི་ཀའི་མི་དམངས་ལ་གཏམ་བཤད་གནང་སྟེ། མདང་ནུབ་མཚན་མོ་ཨི་རན་གྱིས་ཨི་རག་གི་ནང་ཡོད་པའི་ཨ་མི་རི་ཀའི་དཔུང་དམག་གི་རྟེན་གཞི་ཁག་ལ་མེ་ཤུགས་འཕུར་མདེལ་བརྒྱབ་སྟེ་གཏོར་རྒོལ་བཏང་ཡོད་པ་དེའི་ནང་ཨ་མི་རི་ཀའི་དམག་མི་ལ་ཤི་རྨས་ཀྱི་གོད་ཆག་གང་ཡང་བྱུང་མེད་པ་དང་། ད་ཆ་ཨི་རན་གཞུང་གི་ཕྱོགས་ནས་རང་ཚོད་བཟུང་སྟེ་གཏོར་རྒོལ་བྱེད་མཚམས་བཞག་པའི་རྣམ་པ་ཡང་འདུག་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ཨི་རན་གྱི་གཏོར་རྒོལ་དེའི་ལན་དུ་ཨ་མི་རི་ཀས་ཡུལ་དེ་ལ་དཔལ་འབྱོར་དམ་དྲག་གི་ཉེས་ཆད་དེ་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཏེ་དྲག་ལན་དྲག་འཇལ་བྱེད་རྒྱུ་མིན་པའི་ཐག་གཅོད་གནང་བ་དེ་ལ་མང་པོས་དགའ་མོས་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG