ཉེ་ཆར་ཨ་མི་རི་ཀས་ཨི་རན་གྱི་དམག་དཔོན་ཞིག་བསད་པའི་དགྲ་ཤ་ལེན་ཆེད་ཨི་རན་ གྱི་དྲག་པོའི་དཔུང་དམག་གིས་རེས་གཟའ་ལྷག་པའི་ཐོ་རངས་ཙམ་ལ་ཨི་རག་ནང་ཡོད་པའི་ཨ་རིའི་དམག་མིའི་རྟེན་གཞི་གཉིས་ལ་མེ་ཤུགས་འཕུར་མདེལ་གཡུགས་པར་ཨ་མི་རི་ཀ་དང་། ཨི་རན་གཉིས་ཀྱི་འཁོན་འཛིན་གནས་སྟངས་ཇེ་མཐོར་སོང་སྟེ་དཀྱིལ་ཤར་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་ལངས་སྲིད་པའི་སེམས་འཚབ་ཡོང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད།