༄༅།།ལོ་ངོ་བཅུ་ཕྲག་གཅིག་གོང་ཨ་མི་རི་ཀའི་འཕྲུལ་ལས་རིག་རྩལ་བཟོ་ཚོང་ལས་ཁང་གིས་ཉེན་སྲུང་དང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་རྒྱུར་རྒྱ་ནག་ནང་འཚོལ་ཞིབ་མ་ལག་ཐོག་དམ་བསྒྲགས་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པའི་རྗེས། གྷུ་གྷལ་བཟོ་ཚོང་ལས་ཁང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་འཆར་གཞི་ལག་བསྟར་འགན་འཁྲི་དེ་རང་གི་ལས་བྱེད་Ross LaJeunesse ལ་སྤྲད་ཡོད་པ་དང་། གྷུ་གྷལ་བཟོ་ཚོང་ལས་ཁང་གིས་ལས་བྱེད་LaJeunesse ཕྱི་ཟླ་བཞི་པའི་ནང་ལས་ཀ་ནས་ཕྱིར་འབུད་བཏང་ཡོད་པའི་སྐོར། གསར་ཤོག་ནང་ཐོན་པའི་གནས་ཚུལ་དག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གྱི་རེད།