ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གློ་ནད་སྔོན་འགོག་ཐད་ཞིབ་འཇུག་གསར་པ།


སྨན་བཅོས་ཐད་ཀྱི་ཚན་རིག་ཞིབ་འཇུག་གསར་པ་ཞིག་ལས་ད་བར་དུ་ལོ་བརྒྱ་ཙམ་རིང་བེད་སྤྱོད་བྱེད་བཞིན་པའི་གློ་ནད་ཌེ་བིའི་སྨན་ཁབ་དེ་སྐྱི་ལྤག་ཐོག་རྒྱག་པ་ལས་ཐད་ཀར་ཁྲག་རྩའི་ནང་དུ་སྨན་ཁབ་རྒྱབ་ཚེ་ནུས་པ་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

PY TB Vaccine
please wait

No media source currently available

0:00 0:03:19 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཕྷེ་ཙེ་བྷེཀ་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཨ་རིའི་ནད་གཞི་སྔོན་འགོག་ཞིབ་འཇུག་ཁང་མཉམ་འབྲེལ་གྱིས་རྟོག་ཞིབ་ཀྱིས་ད་བར་དུ་ལོ་བརྒྱ་ཙམ་བེད་སྤྱོད་བྱས་པའི་གློ་ནད་ཌི་བིའི་ནད་གཞིའི་སྨན་ཁབ་BCG ཟེར་བ་དེས་ནད་འབུ་རྩ་མེད་བཟོ་རྒྱུའི་ཐད་ལ་ནུས་པ་བརྒྱ་ཆ་༡༠༠ འཐོན་ཐུབ་ཀྱི་མེད་སྟབས། ལོ་མང་རིང་སྨན་བཅོས་ཐད་ཀྱི་ཞིབ་འཇུག་འདྲ་མིན་གནང་བ་བརྒྱུད་ཉེ་ཆར་གྲུབ་འབྲས་ཆེན་པོ་ཞིག་བྱུང་ཡོད་པ་ནི་ད་ལྟ་ཡོད་བཞིན་པའི་གློ་ནད་ཌེ་བིའི་སྨན་ཁབ་དེ་བེད་སྤྱོད་བྱེད་སྟངས་ལ་འགྱུར་བ་བཏང་བ་ཙམ་གྱིས་ནུས་པ་ཆེནཔོ་ཞིག་འཐོན་གྱི་ཡོད་པ་མཁྱེན་རྟོགས་བྱུང་ཡོད། དེ་ཡང་ཞིབ་འཇུག་པ་ཚོས་སྤྲེའུའི་ཐོག་ལ་སྨན་ཁབ་དེ་ནུས་པ་ཆེ་རུ་བཏང་ནས་ཐད་ཀར་ཁྲག་རྩའི་ནང་རྒྱབ་རྒྱུའི་ཚོད་ལྟ་ཞིག་གནང་བའི་སྐབས་སུ་སྔར་རྒྱུན་བཞིན་ལུས་ཀྱི་ལྤགས་པའི་ཐོག་ལ་རྒྱབ་པ་དང་ཐད་ཀར་ཁྲག་རྩའི་ནང་སྨན་ཁབ་རྒྱབ་པ་གཉིས་ཀྱི་ཕན་ནུས་ཆེ་ཆུང་ལ་ཁྱད་པར་ཆེན་པོ་ཕྱིན་ཏེ་ཟླ་བ་དྲུག་གི་རྗེས་སུ་ཐད་ཀར་ཁྲག་རྩའི་ནང་སྨན་ཁབ་རྒྱབ་པའི་སྤྲེའུ་༡༠ ནང་ནས་༩ ཡི་གློ་བའི་ནང་གློ་ནད་ཀྱི་ནད་འབུ་མེད་པ་ཆགས་ཡོད་པ་རེད།

ཡིན་ནའང་ཚོད་ལྟ་དེ་ནི་སྤྲེའུ་ལ་མ་གཏོགས་མིའི་ལུས་ཐོག་ལ་བྱས་མེད་པ་དང་ད་བར་དུ་གློ་ནད་ཌེ་བི་སྔོན་འགོག་གི་སྨན་ཁབ་ཁག་ཕྲུ་གུ་ཆུང་དུས་ནས་ལྤ་པའི་ཐོག་ལ་རྒྱབ་སྲོལ་ལས་ཁྲག་རྩའི་ནང་དུ་ཐད་ཀར་རྒྱགི་མེད་པས་སྨན་ཁབ་ཀྱི་ནུས་པ་ཆེ་རུ་དང་ཐད་ཀར་ཁྲག་རྩའི་ནང་དུ་རྒྱབ་སྐབས་ལུས་ཀྱི་ནད་འགོག་ནུས་པ་ཆེན་པོ་མེད་པའི་མི་ཚོར་ཉེན་ཁ་ཡོད་མིན་སོགས་མུ་མཐུད་དེ་ཞིབ་འཇུག་གནང་དགོས་ཀྱི་ཡོད་པ་རེད།

གློ་ནད་ཌི་བིའི་ནད་གཞི་དེ་ནི་འཛམ་གླིང་ཐོག་ལ་ནད་གཞི་ཚང་མའི་ནང་ནས་མི་འཆི་སྐྱོན་གྱི་གྲངས་འབོར་མང་ཤོས་ཤིག་ཡིན་པ་སྟེ ལོ་ལྟར་འཛམ་གླིང་ཐོག་ལ་མི་ས་ཡ་གཅིག་ཙམ་ཞིག་ལ་གློ་ནད་ཌི་བི་ནད་གཞི་འཕོག་གི་ཡོད་པ་དང་དེའི་ནང་ནས་མི་ས་ཡ་གཅིག་དང་གྲངས་ཆུང་༡ ཙམ་འདས་གྲོངས་སུ་འགྱུར་གྱི་ཡོད་པ་རེད

XS
SM
MD
LG