སྤྱི་ལོ་༢༠༢༠་ལོའི་ཨ་རིའི་རྒྱལ་སྲུང་འགྲོ་གྲོན་ཁོངས་སུ་ཨ་རིས་ཐེ་ཝན་གྱི་སྲུང་སྐྱོབ་དང་ཧོང་ཀོང་གི་དམངས་གཙོར་རྒྱབ་སྐྱོར་བྱ་དགོས་པ་སོགས་ཚུད་ཡོད་པར་མ་ཟད། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་ལ་ཉེས་ཆད་གཅོད་ཀྱི་ཡོད་པ་དེས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ཡིན་མིན་ལ་རྒྱ་ནག་གིས་ལྟ་ཞིབ་བྱེད་ཀྱི་ཡོད་ཅེས་པེ་ཅིང་སྲིད་གཞུང་གིས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།