ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དེ་གཞུང་ཚབ་པར་ངོས་འཛིན་བྱ་རྒྱུ།


༄༅།། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་བཟུང་། ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་དེར་ཨ་མི་རི་ཀའི་ཉམས་ཞིབ་ཁང་ཟེར་གྱི་ཡོད་ཅིང་། ད་ལྟ་ཨ་རིའི་གྲོས་ཚོགས་འོག་མས་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་རྒྱུན་ལྡན་དུ་བསྒྱུར་པར་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཞིབ་འཇུག་ཁང་གི་ངེས་སྟོན་པ་ཨ་རིའི་གཞུང་ཚབ་པར་བསྒྱུར་དགོས་ཞེས་ཐེ་ཝན་གྱི་སྐུ་ཚབ་ཁྲིམས་གཞི་ཟེར་པ་ཞིག་གྲོས་ཚོགས་སུ་ངོ་སྤྲོད་བྱས་འདུག ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཞིབ་འཇུག་ཁང་གི་ངེས་སྟོན་པ་ཨ་རིའི་གྲོས་ཚོགས་གོང་མས་བསྐོ་བཞག་བྱ་དགོས་པ་སོགས་ཀྱི་སྐོར། གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG