ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༠༦/༠༦

བལ་བོད་ས་མཚམས་སུ་ཁ་བས་འགྲིམ་འགྲུལ་འགག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བལ་བོད་གཉིས་ཀྱི་ས་མཚམས་སྐྱིད་རོང་གི་འགག་སྒོ་བརྒྱུད་ནས་འགྲོ་འོང་བྱེད་པའི་དོས་སྐྱེལ་རླངས་འཁོར་རྣམས་ཁ་བས་འགྲུལ་ལམ་འགགས་ཏེ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བྱེད་མ་ཐུབ་པར་ཉིན་ཤས་འདས། དུས་རྒྱུན་གྱི་ཚོང་རྫས་དང་ཉེར་མཁོའི་ཡོ་བྱད་རྣམས་གཏོང་འབྱོར་མ་ཐུབ་པར་འགོར་འགྱངས་ཐེབས་ཀྱི་ཡོད་འདུག

ཟླ་བ་འདིའི་ཕྱི་ཚེས་༡༤་ནས་༡༥་བར་དུ་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་ཁ་བ་མཐུག་པོ་བབས་ནས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་རུ་སོང་ཡོད་པ་དང་། ལྷག་པར་དུ་སྐྱིད་རོང་གི་འགག་སྒོ་བརྒྱུད་ནས་དུས་རྒྱུན་བལ་བོད་གཉིས་ཀྱི་བར་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་དོས་སྐྱེལ་རླངས་འཁོར་ཚང་མ་རྒྱ་ལམ་སྟེང་དུ་ལུས་ནས་ཁ་བས་གཡོགས་འདུག་ཅེས་ས་གནས་ཀྱི་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་བྱུང་། ཁོ་པས་བལ་བོད་ས་མཚམས་སྐྱིད་རོང་གི་འགག་སྒོ་བརྒལ་ནས་རྒྱང་ཐག་སྤྱི་ལེ་ཁ་ཤས་ཀྱི་མཚམས་སུ་དོ་སྐྱེལ་རླངས་འཁོར་ཚང་མ་འགྲོ་འོང་བྱེད་མ་ཐུབ་པར་འགགས་ནས་བསྡད་ཡོད་པས་བོད་ལ་རྒྱུན་མཁོའི་དངོས་ཟོག་རྣམས་སྐྱེལ་འདྲེན་བྱེད་བཞིན་པ་རྣམས་དུས་ཐོག་ཏུ་འབྱོར་ཐུབ་རྒྱུ་མིན་ཞིང་། བོད་པ་དངོས་ཟོག་བདག་པོ་རྣམས་ཀྱིས་ཉིན་ཁ་ཤས་ལ་ངང་སྒུག་བྱེད་དགོས་ཀྱིན་འདུག གནམ་གཤིས་གྲང་ངར་ཧ་ཅང་ཆེ་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་སྐྱེལ་འདྲེན་དང་འགྲིམ་གྲུལ་གཉིས་མུ་མཐུད་དུ་འགག་ན་མི་རྒྱུ་གཉིས་ཀར་གོད་ཆག་ཐེབས་ཉེན་ཆེན་པོ་འདུག་ཅེས་བརྗོད་སོང་།

འདི་དང་དུས་མཚུངས་སུ་བོད་ལ་ཅ་དངོས་གཏོང་མཁན་བལ་ཡུལ་གྱི་ལས་ཁུངས་ཤིག་ལ་ཁ་པར་བཏང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁོ་ཚོའི་ལས་ཁུངས་ཀྱི་ངོས་ནས་བོད་ལ་ཅ་དངོས་གཏོང་ཕྱོགས་ལ་ཚོང་ལམ་ཁག་གཉིས་ཡོད། གཅིག་ནི་མཁའ་ལམ་བརྒྱུད་ནས་གཏོང་བཞིན་པའི་ཅ་དངོས་ཚང་མ་ནར་འགྱངས་མེད་པར་གཏོང་བཞིན་ཡོད། དོས་སྐྱེལ་རླངས་འཁོར་ནང་དུ་ས་མཚམས་བརྒྱུད་ནས་གཏོང་བཞིན་ཡོད་པ་རྣམས་གནས་སྐབས་རིང་འགག་ནས་འགོར་འགྱངས་ཐེབས་ཏེ་དཀའ་ངལ་འཕྲད་ཀྱི་འདུག འོན་ཀྱང་གང་མགྱོགས་དངོས་ཟོག་རྣམས་མཁོ་གཏོང་ཐུབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་བརྡ་འཕྲིན་བརྒྱུད་ནས་ཅ་དངོས་ཀྱི་བདག་པོ་རྣམས་ལ་བརྡ་ལན་བཏང་ཟིན། འགག་རྐྱེན་གཙོ་བོ་སྐྱིད་རོང་གི་འགག་སྒོ་ནས་བོད་ལ་བསྐྱོད་པའི་གཞུང་ལམ་དེ་ཁ་བ་དང་འཁྱག་པས་བསྡོམས་ཏེ་འགྲོ་མ་ཐུབ་པར་འགག་འདུག་ཅེས་བརྗོད་སོང་།

གཞན་ཡང་དུས་རྒྱུན་ས་མཚམས་བརྒལ་ནས་འགྲོ་འོང་བྱེད་པའི་དོ་སྐྱེལ་རླངས་འཁོར་ཁ་ལོ་བ་ཞིག་གིས་ཡིག་ཐོག་ཏུ་གནས་ཚུལ་བཏང་འབྱོར་བྱུང་བ་དེར་གནས་སྐབས་རིང་འགྲིམ་འགྲུལ་ལ་རྐྱེན་ངན་ཅི་ཡང་བྱུང་མ་སོང་མོད། འོན་ཀྱང་རླངས་འཁོར་འགག་ཡུལ་དུ་ཁ་ལོ་བ་ཚང་མའི་གཞུང་ལམ་སྟེང་གི་ཁ་བ་དང་འཁྱག་པ་རྣམས་ཞུ་བར་སྒུག་ནས་བསྡད་ཡོད། གལ་སྲིད་ཁ་བ་མ་ཞུ་བར་དུས་ཡུན་རིང་པོ་འགོར་ན་ཁ་ལོ་བ་ཚང་མར་བཟའ་བཏུང་གི་དཀའ་ངལ་འཕྲད་སྲིད་པ་ཞིག་རེད་ཅེས་འཁོད་འདུག

XS
SM
MD
LG