ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྫ་དབོན་པོར་སླར་ཡང་གྲྭ་པ་ཞིག་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་༡༨་ཉིན་རྒྱ་ནག་གཞུང་གིས་སླར་ཡང་རྫ་དབོན་པོར་གྲྭ་པ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་རོམ་ཙམ་ཐོན་ཡང་སྐབས་དེར་གསར་འགྱུར་ཁ་གསལ་ཞིག་ཤེས་རྟོགས་ཐུབ་མེད་ཅིང་། དེ་རིང་ཕྱི་ཚེས་༢༢་ཉིན་གནས་ཚུལ་ཁ་གསལ་ཤེས་རྟོག་བྱུང་བ་ལྟར་ན་ཕྱི་ཚེས་༡༨་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་དེའི་མཚན་ལ་ཉི་མེས་ཟེར་པ་དང་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་པ་ཡིན་འདུག ཁ་སྔོན་ཕྱི་ཚེས་༡༨ ཉིན་གྱི་བོད་ནང་གི་མཚན་མོའི་ཕྱག་ཚོད་༡༢་ཡས་མས་སུ་རྒྱ་གཞུང་གི་ཉེན་རྟོག་པས་ཉི་མེས་རང་གི་གྲྭ་ཤག་ཏུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཁུངས་ལྡན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་སེ་ར་དགོན་པའི་སྐུ་ཞབས་བྱམས་པ་ཡོན་ཏན་ལ་འབྱོར་པ་འདི་གའི་གསར་འགོད་པར་མཁོ་སྤྲོད་གནང་ནས་འདི་ལྟར་བརྗོད་བྱུང་།

ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཉེ་ཆར་ཟླ་བ་འདིིའི་ཕྱི་ཚེས་༧་ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་པའི་གནས་ཚུལ་གསན་རྗེས་དྲྭ་ཐོག་ཏུ་དགེ་འདུན་པ་དེ་དག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་པའི་རྩོམ་ཡིག་སྤེལ་བ་སོགས་ཀྱི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

གོང་གསལ་འཛིན་བཟུང་བྱས་པའི་གྲྭ་ཉེ་མིས་ནི་ཁ་སང་ཕྱི་ཚེས་༢༡་ཉིན་ངོ་རྒོལ་སྐད་འབོད་བྱེད་མཁན་ན་གཞོན་གཉིས་འཛིན་བཟུང་བྱས་པའི་གྲྭས་ཀྱི་མི་སྐྱ་ཆོས་རྒྱལ་ཞེས་པ་དེའི་་སྤུན་མཆེད་ཡིན་འདུག གཞན་ཡང་དེང་སྐབས་རྒྱ་ནག་གཞུང་གིས་རྫ་དབོན་པོ་ཡུལ་ཚོ་ཡོངས་ལ་དྲྭ་ལམ་་སོ་ཉུལ་པ་བསྐོ་འཇོག་དང་འཕྲུལ་ཆས་བཙུགས་བྱས་ཡོད་པར་མ་ཟད། ད་དུང་རྒྱུན་དུ་རྒྱ་གཞུང་གི་གསང་བའི་མི་སྣས་དྲྭ་ལམ་ཁག་ལ་སོ་ཉུལ་བྱས་ཏེ་བོད་པ་མང་པོ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་གནང་སོང་།

སྤྱིར་ཟླ་བ་འདིའི་ཕྱི་ཚེས་༧་ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་པའི་རྗེས་སུ་གཅིག་གློད་གྲོལ་བཏང་བའི་གནས་ཚུལ་ཐོན་མོད། འོན་ཀྱང་ཁ་སང་ཕྱི་ཚེས་༢༡་ཉིན་སླར་ཡང་རྫ་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་ཉེན་རྟོག་ཁང་གི་མདུན་དུ་ན་གཞོན་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་། ད་ལྟའི ཆར་རྫ་དབོན་པོ་ཡུལ་ཚོའི་ཉེན་རྟོག་ཁང་དུ་དགེ་འདུན་པ་ལྔ་དང་མི་སྐྱ་གཉིས་བཅས་ཁྱོན་བསྡོམས་མི་སྣ་༧་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

XS
SM
MD
LG