ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྫ་དབོན་པོའི་ན་གཞོན་གཉིས་ཀྱིས་ངོ་རྒོལ་བྱས་ནས་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༢:༣༠ ཡས་མས་སུ་རྒྱ་གཞུང་གིས་ཆ་བགོས་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་། རྫ་སྨད་ཞང་ཁོངས་སུ་བསྡུས་པའི་རྫ་དབོན་པོ་ཡུལ་ཚོར་བསྐྱར་དུ་དབོན་པོ་སྡེ་བའི་ཡུལ་མི་ཡོན་ཏན་ཟེར་བ་ཞིག་དང་། ཆོས་རྒྱལ་ཟེར་བའི་མི་སྐྱ་ན་གཞོན་གཉིས་ཀྱིས་དབོན་པོ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་བོད་རང་བཙན་གྱི་ཡིག་ཆ་གཏོར་ཞོར་དུ་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པའི་རྗེས་སུ་འཛིན་བཟུང་བྱས་འདུག དེའི་སྐོར་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་སྐུ་ཞབས་བྱམས་པ་ཡོན་ཏན་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་དང་འདྲ་པར་བཅས་འབྱོར་དོན་བཞིན་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།

ཁོང་གཉིས་འཛིན་བཟུང་མ་བྱས་པའི་སྔོན་ལ་བརྙན་ཐུང་གཉིས་བཟོས་འདུག བརྙན་ཐུང་དེ་དག་གི་ནང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བཤམས་ཏེ་སྣག་ཚ་དམར་པོ་དང་ནག་པོས་བོད་རང་བཙན་ཞེས་བྲིས་པའི་འགྲེམ་ཡིག་དང་། ཁོང་གཉིས་ཀྱི་པར་བཅས་བསྒྲིགས་ནས་བཀྲམས་ཡོད་པར་མ་ཟད། ཁོང་གཉིས་ཀྱི་སྐད་འཕྲིན་རྒྱབ་ལྗོངས་སུའང་རང་གི་ཁ་ཕྱོགས་ཞེས་པ་དང་སྐད་ཆ་ཞེས་པའི་ཁ་བྱང་བཀོད་པའི་རྩོམ་ཐུང་གཉིས་སྤེལ་འདུག

ཡོན་ཏན་གྱི་སྐད་འཕྲིན་རྒྱབ་ལྗོངས་སུ་སྤེལ་བའི་རྩོམ་ཡིག་གི་ཁ་བྱང་དེར་རང་གི་ཁ་ཕྱོགས། ང་ཚོའི་མི་རིགས་ཀྱི་བདེ་སྐྱིད་ཆེད་དུ་ཚེ་སྲོག་ཤོར་པའི་དཔའ་བོ་རྣམས་དང་། ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་བཙན་འཐབ་རྩོད་བྱེད་པའི་ཕོ་རྒོད་རྣམ་པ། ཁྱེད་རྣམས་སྲོག་གཅོད་དང་སྡུག་བསྔལ་གྱི་ཁྲོད་དུ་གཤེགས་ཟིན་པ་ང་ཡིས་ཐོས། ད་ལྟ་ང་ཚོ་དབོན་པོ་ཡུལ་ཚོར་རང་བཙན་འཐབ་རྩོད་བྱེད་པའི་སྤུན་གྲོགས་རྣམ་པ། ཁྱེད་ཚོ་མུན་ནག་གི་བཙོན་དུ་བཙན་གྱིས་ཁྲིད་སོང་བར་ང་ལ་སྐྱོ་སྡུག་ཧ་ཅང་ཆེ། མི་འགྱངས་པར་ཐོན། སྤུན་ཟླ་ཞེས་བཀོད།

དེ་བཞིན་ཆོས་རྒྱལ་གྱི་སྐད་འཕྲིན་རྒྱབ་ལྗོངས་སུ་སྐད་ཆ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དེར་སྡེབ་སྦྱོར་རྩོམ་ལ་མཁས་པའི་ཡོན་ཏན་ང་ལ་མེད།། ལག་མཁས་བྲིས་ལ་མཁས་པའི་ཡིག་རྩལ་ང་ལ་མེད།། འཇོན་ཤེས་རྒྱ་ཆེ་བའི་རིག་གནས་ང་ལ་མེད།། མི་རིགས་ལ་རྒྱ་སོ་སོའི་ཕྲག་ཏུ་ཡོད། ནམ་ཡང་མི་དོར་ཞེས་བཀོད། ཆོས་རྒྱལ་ནི་ཉེ་ཆར་ཕྱི་ཚེས་༡༨་ཉིན་འཛིན་བཟུང་བྱས་པའི་གྲྭ་ཉི་མེས་ཀྱི་ཕ་མ་གཅིག་པའི་སྤུན་ཆེ་བ་རེད་འདུག

སྤྱིར་ཉེ་ལམ་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་གྱི་མཚན་མོར་རྫ་དཔོན་པོ་ཡུལ་ཚོར་རྒྱ་གཞུང་གི་ལས་ཁུངས་ཤིག་ཡོད་པ་དེའི་ར་སྐོར་ནང་དུ་བོད་རང་བཙན་ལ་འཐབ་རྩོད་བྱ་དགོས་ཞེས་དྲིལ་བསྒྲགས་ཀྱི་ཡིག་ཆ་བརྒྱ་ཕྲག་མང་པོ་གཏོར་འགྲེམ་བྱས་ཡོད་པའི་གནས་ཚུལ་ཐོན། སྐབས་དེར་མཚན་མོ་དེ་རང་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་ལྔ་འཛིན་བཟུང་ནས་གཅིག་ཕྱིས་སུ་གློད་གྲོལ་བཏང་རུང་གྲྭ་པ་གཞན་རྣམས་ད་དུང་ཡང་བཀག་ཉར་འོག་གནས་མུས་སུ་ཡོད་འདུག

XS
SM
MD
LG