ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་འཛིན་ལ་ཡོངས་གྲགས་ཁྲིམས་སྦྱོར་ཞིབ་འཇུག་ཉན་ཞིབ་དང་པོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རེས་གཟའ་ལྷག་པའི་ཉིན་མོར་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ལས་དོན་ཚོགས་ཆུང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཡོངས་གྲགས་ཀྱི་ཁྲིམས་སྦྱོར་ཞིབ་འཇུག་གི་ཉན་ཞིབ་འགོ་ཚུགས་ཡོད་ཅིང་། སྲིད་འཛིན་ཊམ་ནི་ཨ་རིའི་དེང་རབས་ལོ་རྒྱུས་སུ་ཁྲིམས་སྦྱོར་ཞིབ་འཇུག་བྱུང་བའི་སྲིད་འཛིན་ཨང་བཞི་པ་དང་ཁྲིམས་སྦྱོར་ཞིབ་འཇུག་དེ་ཉིད་ཡོངས་གྲགས་སུ་ཉན་ཞིབ་བྱུང་གསུམ་པ་དེ་རེད།

ཁྲིམས་སྦྱོར་ཉན་ཞིབ་དེར་རེས་གཟའ་ལྷག་པའི་ཉིན་མོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་གཉིས་ཀྱིས་སྲིད་འཛིན་ཊམ་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་རང་ལ་ཁེ་ཕན་འཐོབ་རྒྱུའི་ཆེད་དུ་དབང་ཆ་བཀོལ་སྤྱོད་ལོག་པ་བྱས་པ་ཁག་བདེན་དཔང་བྱུང་བ་དང་། དེ་ལ་སྤྱི་མཐུན་ཚོགས་པས་ལན་འདེབས་ཅི་ཞིག་བྱུང་ཡོད་མེད་སོགས་ཀྱི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བ་ཞིག་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG